དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་རྒྱ་མཚོར་འཛུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-13


    འདི་ནི་ཆུ་འོག་ལས་སྒྲུབ་ཚོགས་པའི་མི་སྣས“ཀླུ་མོ”རྟགས་ཅན་གྱི་གྲུ་གཟིངས་རྒྱ་མཚོར་གཏོང་བཞིན་པ།

    ཟླ་10ཚེས་10ཉིན། “ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་བླུགས་པའི“མཚོ་གཏིང་ཨང་དང་པོ”རྟགས་ཅན་གྱི་གྲུ་གཟིངས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་ཤར་ཅ་ལུའོ་ལིན་མཚོ་འོག་གཤོང་སའི་ལས་སྒྲུབ་ཁུལ་གྱི་མཚོ་གཏིང་དུ་འཛུལ་ནས་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་བ་རེད། དེ་ནི“ཀླུ་མོ”རྟགས་ཅན་གྱིས་ཆུར་འཛུལ་ལས་སྒྲུབ་བྱེད་ཐེངས་466པ་དེ་ཡིན་ལ། ཀྲུང་གོའི་རྒྱ་མཚོ་ཆེ་མོའི་གྲུ་གཟིངས་སྐྱོད་ཐེངས་100ཡི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་དེས་ཀྱང་ཁུལ་ཁོངས་དེར་ཚན་རིག་རྟོག་ཞིབ་བྱེད་ཐེངས་དང་པོ་ཡིན་པ་དང་། གཏིང་ཚད་སྨི་4500ཙམ་དུ་འཛུལ་རྩིས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།