དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་2026ལོའི“ཁུལ་གསུམ”གྱི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞི་བཀོད་སྒྲིག་དང་ལག་བསྟར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-12

    ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས《2026ལོའི“ཁུལ་གསུམ”གྱི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞིའི་འབྲེལ་ཡོད་ལག་བསྟར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས། 2026ལོ་ནས་2027ལོའི་བར་གྱི་སློབ་ལོའི“ཁུལ་གསུམ”གྱི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞི་དེ་གཙོ་བོ་དབུལ་སྒྲོལ་ས་ཁུལ་ལ་ཕྱོགས་ནས་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང་། མི་རིགས་རྫོང་། གསར་བརྗེའི་ཁུལ་རྙིང་པའི་རྫོང་། མཐའ་མཚམས་རྫོང་སོགས་ས་ཁུལ་ལ་གཙོ་གནད་དུ་གཟིགས་སྐྱོང་བྱས་ཏེ་དགེ་རྒན་11356འདེམས་མངགས་བྱ་རྩིས་ཡོད་པ་རེད། ས་གནས་ཁག་གིས་ས་ཁོངས་ཀྱི་སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་འགྲོ་ཕྱོགས་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་ནས། ཞིང་ཆེན་ས་ཁོངས་ནང་གི་མིང་སྐལ་བགོ་བཤའ་ཡག་པོ་རྒྱག་པ་དང་། རྫོང་དང་ས་ཁུལ་གྲོང་ཁྱེར་བསྒྲལ་ནས་འདེམས་མངགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ཐོན་ཁུངས་སྐུལ་སློང་གང་ལེགས་བྱེད་པ། གཙོ་གནད་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།