སྟོན་དུས་ཀྱི་ཨར་ལས་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ནས་ཚ་ཚ་འུར་འུར་ངང་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་པ།

འདི་ནི་ཨན་ཧུའེ་ཞིང་ཆེན་ཁྲེ་ཀྲོའུ་འབྲི་ཆུའི་གཞུང་ལམ་དང་ལྕགས་ལམ་ཟམ་ཆེན་གྱི་ཨར་ལས་བྱ་ཡུལ་དུ་མ་ཟམ་གྱི་ཟམ་གདུང་མཐུད་བཞིན་པ།

མིག་སྔར་ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཀོང་ཨན་དུམ་བུ་དེ་ལྕགས་ལམ་འདིང་བ་དང་འབབ་ཚུགས་ཀྱི་ཁང་པ་མཛེས་བཟོ་བྱེད་པ་སོགས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་རེད། འདི་ནི་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཧྭ་དབྱིང་གྲོང་ཁྱེར་མིང་གཡོད་གྲོང་རྡལ་དུ་ལས་མི་ཚོས་ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཀོང་ཨན་འབབ་ཚུགས་ཤར་མ་འཛུགས་སྐྲུན་བྱ་ཡུལ་དུ་འབབ་ཚུགས་ཨ་མའི་ཐོག་འགེབས་བཞིན་པ།
ཉིན་ཤས་བསྟུད་མར་ས་གནས་ཁག་གིས་སྟོན་དུས་ཀྱི་ཨར་ལས་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་བཞིན་ཡོད་པས། ལས་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། ལག་རྩལ་གསར་པ་རེ་རེ་བཞིན་སྤྱད་པ་དང་། འཛུགས་སྐྲུན་གྱི་དུས་མཚམས་རེ་རེ་རྒྱུན་མཐུད་ལེགས་གྲུབ་བྱས་ཏེ་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།