ནོར་སྲིད་པུས་ས་གནས་སྲིད་གཞུང་གི་བུ་ལོན་རྩིས་བསྡོམས་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་5500གཤམ་སྤྲོད་བྱས་པ།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ནོར་སྲིད་པུས་ས་གནས་སྲིད་གཞུང་གི་བུ་ལོན་རྩིས་བསྡོམས་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་5500བཀོད་སྒྲིག་བྱས་ནས། རྫོང་དང་ཆུས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་ས་གནས་ཀྱི་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེར་གཏོང་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
ས་གནས་ལ་གཤམ་སྤྲོད་བྱས་པའི་ས་གནས་སྲིད་གཞུང་གི་བུ་ལོན་རྩིས་བསྡོམས་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་5500ནང་སྤྱིར་བཏང་གི་བུ་ལོན་རྩིས་བསྡོམས་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་3000ཚང་མ་རྫོང་དང་ཆུས་ལ་བགོ་བཤའ་བརྒྱབ་སྟེ། རྫོང་དང་ཆུས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགན་སྲུང་ནུས་པ་ཆེ་རུ་གཏོང་བར་ཆེད་མངགས་སྤྱོད་རྒྱུ་དང་། ཆེད་དོན་བུ་ལོན་གྱི་རྩིས་བསྡོམས་ལྷག་གྲངས་ཀྱི་བཅད་གྲངས་སྒོར་དུང་ཕྱུར་2500ད་ལོའི་དུས་ཚིགས་བཞི་པར་རྣམ་གྲངས་དངོས་ཀྱི་མ་དངུལ་དགོས་མཁོ་ཡོད་པའི་ས་ཁུལ་ལ་བགོ་བཤའ་རྒྱག་རྒྱུ་མ་ཟད། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ལ་ཕྱོགས་ནས་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་མ་དངུལ་དགོས་མཁོ་སྔོན་ལ་འགན་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གསར་དུ་སྐྲུན་པའི་རྣམ་གྲངས་ཀྱིས“དྲ་ལམ་དྲུག”གི་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྲིད་གཞུང་གི་མ་འཇོག་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་རྒྱུ་རེད།
ནོར་སྲིད་པུའུ་ནས་ས་གནས་ཁག་གིས་རྣམ་གྲངས་གསོག་འཇོག་དང་བུན་ལོར་འགྲེམས་སྤེལ་འབྲེལ་མཐུད་དེ་བས་ཡག་པོ་བྱ་རྒྱུ་དང་། འགྲེམས་སྤེལ་བྱེད་ཚད་མགྱོགས་སུ་གཏོང་བ། དངུལ་སྤྲོད་འཁོར་འབྲེལ་ཐོགས་མེད་ཡོང་བ། མིག་མཐོང་ལག་ཟིན་ཐུབ་པའི་ལས་འབོར་གང་མགྱོགས་ཆགས་པར་མཛུབ་ཁྲིད་ལྟ་སྐུལ་བྱས་ཏེ། སྲིད་ཇུས་སྔ་ཙམ་དོན་འཁྱོལ་དང་ཕན་འབྲས་སྔ་ཙམ་ཐོན་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།