“ཧྥེ་ཐེན་བྱ་དགའ”དང“སྐར་འོད་བྱ་དགའ”ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་དགོང་མོར། ཧྲན་ཏུང་ཡན་ཐའེ་རུ་གཉེར་བའི་སྐབས་སོ་ལྔ་པའི་ཀྲུང་གོའི་བརྙན་འཕྲིན་ཟློས་གར་གྱི“ཧྥེ་ཐེན་བྱ་དགའ”དང་སྐབས་ཉེར་དགུ་པའི་རྒྱལ་ཡོངས་བརྙན་འཕྲིན་རིག་རྩལ་གྱི“སྐར་འོད་བྱ་དགའ”སྤྲོད་པའི་མཛད་སྒོའི་ཐོག བརྙན་འཕྲིན་དངོས་མཚོན་པར་གཞི《རིག་གནས་ཀྱི་སྟོབས་ཤུགས—ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཀྲེ་ཅང་དུ་ཁུངས་འཚོལ་དང་ལག་ལེན》སོགས་བརྩམས་ཆོས་14ལ“སྐར་འོད་བྱ་དགའ”ཐོབ་པ་དང་། 《ནུབ་བྱང་གི་ལོ་ཟླ》 《སྐྱེ་འགྲོ་ཡོངས》སོགས་བརྩམས་ཆོས་16ལ“ཧྥེ་ཐེན་བྱ་དགའ”ཡི་ཕུལ་བྱུང་བརྙན་འཕྲིན་ཟློས་གར་གྱི་བྱ་དགའ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།