གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་ཉིང་ཁྲིར་གཉེར་བ།
ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

ཟླ་10ཚེས་10ཉིན་གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ཉིང་ཁྲིར་གཉེར་ཞིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
ཚེས་10ཉིན། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ཉིང་ཁྲིར་གཉེར་བ་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས“ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར། ལྗང་མདོག་གིས་ས་མཐོར་སྒུལ་ནུས་སྣོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“གནམ་གཤིས་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་པ་དང་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། ཚན་རྩལ་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་འདེགས་སྐྱོར་གྱིས་ས་མཐོའི་འཚོ་སྡོད་རུང་བའི་འཕེལ་རྒྱས་ལ་ཞབས་འདེཌ་ཞུ་བའི”ལྟེ་བའི་གླེང་སྟེགས་གཙོ་བོ་དང་དེ་བཞིན“ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད”དང“མཛེས་སྡུག་ལྡན་པར་འགྱུར་བར་བྱས་ཏེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཡན་ལག་གླེང་སྟེགས་གཉིས་བཀོད་སྒྲིག་བྱས་ཡོད། ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ལས་རིགས་ཀྱི་འཐུས་མི་བཅས་ཉིང་ཁྲིར་འཛོམས་ནས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གནམ་གཤིས་ཀྱི་ཉེན་ཁར་ཁ་གཏད་གཅོག་པ། ཚན་རིག་དང་མཐུན་པའི་ངང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ས་ཁོངས་སྒྲོལ་བའི་མཐུན་སྦྱོར་བཅོས་སྐྱོང་སོགས་ཀྱི་གཙོ་གནད་གྲོས་དོན་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པ་རེད།
གླེང་སྟེགས་གཙོ་བོའི་ཐོག་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་རིམ་པ་བཞིན་གར་སྟེགས་ཐོག་འཛེགས་ནས་བརྗོད་དོན་གཙོ་བོའི་སྙན་ཞུ་སྤེལ་བ་རེད།
གླེང་སྟེགས་གཉེར་རིང་། རྒྱལ་ཁབ་པུའུ་ཨུད་དང་། ཚན་རིག་ཞིབ་འཇུག་ཁང་། སྤུན་ཟླའི་ཞིང་ཆེན་བཅས་ཀྱི་ཚོགས་ཞུགས་འཐུས་མིས་གཙོ་དོན་སྙན་ཞུ་དང་། གྲུབ་འབྲས་འགྲེམས་སྟོན། དཔེ་གཞི་མཉམ་སྤྱོད། མཉམ་འགུལ་བགྲོ་གླེང་སོགས་རྣམ་པ་སྣ་ཚོགས་བརྒྱུད། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་སྤེལ་རེས་དང་ཟུར་ཚད་མང་པོའི་ཐོག་ནས་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། དམིགས་སའི་རང་བཞིན་ཆེ་བ་དང་། བཀོལ་སྤྱོད་རང་བཞིན་ཆེ་བ། རྒྱང་ལྟའི་རང་བཞིན་ཆེ་བ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་གཅིག་གྲུབ་པར་བྱས་ནས། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འདུས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཙོའུ་ཀྲེན་ཡུས་ཀྱིས། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་སྙན་ཞུའི་ནང་དོན་སྔ་བལྟས་ཕྱི་བསམ་དང་དོན་སྙིང་ཆེན་པོ་ལྡན་པས། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པའི་གྲུབ་འབྲས་ལ་བརྟེན་ནས་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་མུ་མཐུད་རྒྱག་པ་དང་ས་མཐོའི་སྤྱོད་གོ་ཆོད་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།