དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་བོད་ཀྱི་ལག་ལེན་དང་རིགས་པའི་གཞུང་ལུགས་གསར་གཏོད”ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-12

    ཚེས་9ཉིན་གྱི་སྔ་དྲོར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་བོད་ཀྱི་ལག་ལེན་དང་རིགས་པའི་གཞུང་ལུགས་གསར་གཏོད”ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་བོད་ཀྱི་ལག་ལེན་དང་རིགས་པའི་གཞུང་ལུགས་གསར་གཏོད”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ལག་ལེན་གྱི་ཐབས་ལམ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལ་ཕྱོགས་མང་པོ་དང་རིམ་པ་མང་པོའི་ཐོག་ནས་བགྲོ་གླེང་བྱས་པ་དེའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་བྱ་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད་རེད།

    བགྲོ་གླེང་ཚོགས་འདུ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་འཐབ་ཕྱོགས་གཅིག་གྱུར་སློབ་དཔྱོད་པུའུ(རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞི)ཡིས་སྒྲུབ་འགན་འཁུར་ནས་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་དང་། ལྗོངས་ནང་ཁུལ་གྱི་ཚན་ཞིབ་ཁང་དང་སུའོ། མཐོ་སློབ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་12ཀྱིས་སྔ་རྗེས་སུ་སྤེལ་རེས་གཏམ་བཤད་བྱས་ཏེ་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཕན་ཚུན་གཅིག་གྱུར་བྱེད་པའི་མཐོ་ཚད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། ཚན་རིག་དང་མཐུན་པའི་སྙིང་དོན། དུས་རབས་ཀྱི་བླང་བྱ་བཅས་ཐད་ནས་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས་ཡོད། བགྲོ་གླེང་གི་བརྗོད་དོན་གཙོ་བོར་དམིགས་པ་དང་ལྟ་བ་ཁ་གསལ་བས་དུས་བབ་ཕྱག་གཟིགས་ཀྱི་རིགས་ལམ་གནས་ལུགས་ཡོད་ལ་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པའི་ལག་ལེན་འཚོལ་ཞིབ་ཀྱང་ཡོད་པས། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། རིགས་ལམ་གྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཆེན་པོ་མངོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་བོད་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་གཏིང་ཟབ་བྱེད་པར་གསོན་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།