དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་རིག་གནས་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་པའི་བཞུཌ་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་རིག་གནས་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་ཞུགས་འཐུས་མི་ཚོས《ཞི་ཅིན་ཕིང་གི་རིག་གནས་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་གནང་བའི་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་གསོན་ཉམས་དོད་པོས་བཀོད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་མངོན་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་པའི་ངོས་འཛིན་བྱས་པ་རེད།

    ཚོགས་ཞུགས་འཐུས་མི་ཚོས《ཞི་ཅིན་ཕིང་གི་རིག་གནས་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་དང་ཞིབ་འཇུག་ལྟ་ཀློག་བྱེད་པར་གལ་ཆེ་ཤོས་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་རང་རྟོགས་ངང་སློབ་སྦྱོང་དང་ལག་བསྟར་བྱས་ནས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་དེ་བས་ལེགས་པའི་ངང་འཁུར་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གོ་བ་སྔར་ལས་གཏིང་ཟབ་ལེན་རྒྱུ་ནི་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་ཁྲིད་སྟོན་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གོ་བ་གཏིང་ཟབ་བླངས་ནས“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ལ་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་འབུལ་བ། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལ་གོ་བ་ཟབ་མོ་ལེན་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་ཟབ་མོ་དང་བརྩེ་སེམས་ཟབ་མོར་གོ་བ་གཏིང་ཟབ་ལེན་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་འདུས་པའི་བསམ་གཞིག་བྱེད་སྟངས་དང་ལས་ཀ་བྱེད་སྟངས་ལ་གོ་བ་ཟབ་མོ་ལེན་པ་བཅས་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་མྱུར་གཏོང་བའི་བྱ་སྤྱོད་དངོས་སུ་སྒྱུར་དགོས་པའི་ངོས་འཛིན་བྱས་པ་རེད།

    བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུས་འཚོགས་ཤིང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་། ཀྲུང་དབྱང་དྲིལ་བསྒྲགས་དང་རིག་གནས་ཚན་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།