ཕྱི་རྒྱལ་གྱི་གྲོགས་པོའི་པར་ཆས་ནང་གི་ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཏང་བའི་མཛེས་རིས།
རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཐང་གའི་གྲོང་རྡལ་ཆུང་ངུ་ཡིས་ཐོན་སྐྱེད་དང་། འགྲེམས་སྟོན། ཕྱིར་ཚོང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཐང་གའི་ཐོན་ལས་མ་ལག་བཏོད་དེ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཐང་གའི་སྒྱུ་རྩལ་ལ་གསོན་ཤུགས་རྒྱས་པར་བྱས་པས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་བྱུང་ཡོད། བླ་བྲང་ཐང་གའི་སྒྱུ་རྩལ་ཐད་ཐུན་མོང་མ་ཡིན་པའི་རང་བྱུང་གི་རྒྱུ་ཆ་དང་བྱང་ཆུབ་པའི་ཐང་ག་བཞེངས་རྩལ་ལ་བརྟེན་པས་ཐང་གའི་རིག་གནས་བསམ་བཀོད་ཀྱི་རྒྱན་ཆ་དང་ཐང་གའི་ཞིབ་སྦྱོང་གི་སློབ་ཚན་སོགས་ལས་རྣམ་མང་པོ་ཐོན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་ཐུབ་ཡོད། འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཐང་གའི་གྲོང་རྡལ་ཆུང་ངུའི་རི་མོ་ཁང་ཞིག་ཏུ་ལྷ་རིས་པས་ཐང་ག་བཞེངས་བཞིན་པ། (ཏེན་མག་ནས་ཡིན་པའི་པར་རྒྱག་མཁས་ཅན་ཨའེ་སྨིར·ཀེ་མུའུ·ལཱ་སི་མུའུ་སེན་གྱིས་པར་བརྒྱབ)

ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཝུའུ་དབྱི་རྫོང་གིས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བར་འབད་འབུངས་ཀྱིས་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་བཏོད་ཀྱིས། སྣ་མང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་དྲ་ཚོང་འཕེལ་རྒྱས་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་རོགས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། དེ་ཡང་ས་གནས་དེས་ཅིན་དབྱིན་མེ་ཏོག་དང་། ལུག་མིག་མེ་ཏོག རླམ་རྩྭ་ཕོ་སུལ། མེ་ཏོག་སེར་ཚོད་སོགས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་དུད་ཀྱིས་གཞི་ཁྱོན་ཆེན་པོ་འདེབས་པར་སྐུལ་ཁྲིད་བྱས་ཏེ། ཡུལ་མི་གྲོང་ཚོ་ནས་ཕྱིར་འགྲོ་མི་དགོས་པར་ཡོང་འབབ་བརྟན་པོ་ཡོང་བར་བྱས་པས་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད། འདི་ནི་ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཝུའུ་དབྱི་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་དང་གྲིབ་སྐམ་གཡུལ་ཐང་དུ་མེ་ཏོག་སེར་ཚོད་སོས་པ་གྲིབ་སྐམ་གཏོང་བཞིན་པ། (ཐན་ཙན་ནི་ཡ་ནས་ཡིན་པའི་རྩལ་རྩེད་པ་ཨའེ་སི་ན་སི·ཧ་སྨི་སི·ཁེན་ཀུའུ་ཡིས་པར་བརྒྱབ)

ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཆིའུ་པེ་རྫོང་གིས་ཕུའུ་ཀྲེ་ཧེ་མཛེས་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རི་ཆུ་དང་ཞིང་སྡེའི་མཛེས་ལྗོངས་དང་མུའུ་ཁྲི་ཟིན་པའི་པད་མའི་རྫིང་བུའི་སྐྱེ་ཁམས་ཐོན་ཁུངས་དང་། དེ་བཞིན་མི་རིགས་ཀྱི་རིག་གནས་སྣ་མང་གི་ནང་དོན་བཅས་ལ་བརྟེན་ནས་ལྟ་སྐོར་ཡུལ་སྐོར་དེ་ཞག་སྡོད་ཡུལ་སྐོར་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་དང་། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ། མང་ཚོགས་ཀྱི་ཡོང་འབབ་མང་དུ་བཅས་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། དེ་ཡང་ཆར་ཆུ་དང་བཙོག་ཆུ་ཕྲལ་འདྲེན་དང་རྒྱུན་རྣམ་ཅན་གྱི་མཚོ་སྲུང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བརྒྱུད། ཕུའུ་ཀྲེ་ཧེ་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ནས་མི་9000ཙམ་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད་པ་དང་། མི་ཁྲི་4.2ལྷག་ཙམ་ཡུལ་སྐོར་གྱི་འབྲེལ་ཡོད་ལས་རིགས་ནང་ཞུཌ་པར་སྐུལ་ཁྲིད་ཐུབ་ཡོད། འདི་ནི་ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཆིའུ་པེ་རྫོང་ཕུའུ་ཀྲེ་ཧེ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་གྲུ་ཆུང་ལ་བསྡད་ནས་པད་མའི་རྫིང་བུའི་མཛེས་ལྗོངས་ལ་ལྟ་བཞིན་པ། (དབྱིན་ཇི་ནས་ཡིན་པའི་དྲ་རྒྱའི་བརྡར་པ་ཧྲི་ཏི་ཧྥུ·ཧོར་སིས་པར་བརྒྱབ)

ཝུའུ་ཡོན་གྱི་གློག་སྒྲོན་ཚོན་ཁྲ་ཅན་ནི་ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་གི་སྲོལ་རྒྱུན་སྒྱུ་རྩལ་ཞིག་ཡིན་པ་དང་། ཉ་སྒྲོན་སྐོར་སྐྱོད་ནི་ཝུའུ་ཡོན་གྱི་གློག་སྒྲོན་ཚོན་ཁྲ་ཅན་གྱི་མཚོན་བྱེད་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། དེར་སྨྱུག་མའི་བཟོ་རྩལ་དང་མཛེས་བཟོ་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་འདུས་ཡོད། ཉེ་བའི་ལོ་ཤས་རིང་། ཝུའུ་ཡོན་རྫོང་གིས་དམངས་སྲོལ་ཉམས་ལེན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་ལ་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཏེ་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ལ་རིག་གནས་ཀྱི་གསོན་ཤུགས་བསྣན་པ་དང་སྦྲགས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་རམ་འདེགས་བྱས་ཡོད། འདི་ནི་ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཞན་ཀའོ་ཁྲེང་ཤིས་ཧུའུ་ཏང་ཁྲོམ་གཞུང་གི་ཉ་སྒྲོན་སྐོར་སྐྱོད་ཀྱི་མཛད་སྒོ་འཚོག་ཡུལ་ཡིན་པ། (ཡུག་རེན་ནས་ཡིན་པའི་ཡུལ་སྐོར་གྱི་པོད་བདག་ཁོ་ལོ་སོ་ཧྥུ·ཧྥོ་ལོ་ཅི་སྨིར་གྱིས་པར་བརྒྱབ)

འདི་ནི་ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཞན་ཀའོ་ཁྲེང་ཤིས་ཧུའུ་ཏང་ཁྲོམ་གཞུང་དུ་གཉེར་བའི་ཉ་སྒྲོན་སྐོར་སྐྱོད་བྱེད་སྒོར་ཡུལ་སྐོར་བ་མང་པོ་འདུས་པ། (ཡུག་རེན་ནས་ཡིན་པའི་ཡུལ་སྐོར་གྱི་པོད་བདག་ཁོ་ལོ་སོ་ཧྥུ·ཧྥོ་ལོ་ཅི་རྨེར་གྱིས་པར་བརྒྱབ)

ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཅིའུ་ཧྥོ་ཁྲོམ་གཞུང་ལེན་ཐང་གྲོང་ཚོར་ལོ་700ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། “ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ”དང“ཀོང་ཏུང་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོར”བདམས་ཡོད། ཉེ་བའི་ལོ་ཤས་རིང་། ལེན་ཐང་གྲོང་ཚོས་ཅི་ཧྥེ་རིམ་འདས་ཞིང་ར་སོགས་དཔེ་སྟོན་འདེབས་འཛུགས་རྟེན་གཞི་བཏོད་དེ་མི་མེད་གནམ་གྲུ་དང་། མི་མེད་རླངས་འཁོར། རིག་ནུས་གཅུས་སྒོ་སོགས་ཞིང་ལས་རིག་ནུས་ཅན་གྱི་ལག་རྩལ་ཆ་ཚང་སྤྱད་དེ་ཚན་རྩལ་ཞིང་ལས་འདེབས་འཛུགས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འདི་ནི་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཅིའུ་ཧྥོ་ཁྲོམ་གཞུང་ལེན་ཐང་གྲོང་ཚོའི་ཅི་ཧྥེ་རིམ་འདས་ཞིང་རར་ལས་དོན་པས་རྩྭ་བརྔ་བསྡུའི་འཕྲུལ་འཁོར་གསར་པ་སྤྱད་དེ་ཞིང་ནང་གི་རྩྭ་ངན་གཙང་སེལ་བྱེད་སྟངས་སློབ་བཞིན་པ། (ཀྲུང་ཧྲན་སློབ་ཆེན་སར་ཝ་ཏོལ་གྱི་ཕྱི་སྦྱོང་སློབ་མ་སུའོ་མོ་སཱ·པི་ཡ་ནཱ·ཨའེ་ཏེ་ཧྭ་ཏུའོ·ཧོ་སའེ་ཡིས་པར་བརྒྱབ)
ད་ཕན་ལོ་ཤས་རིང་། ཀྲུང་གོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ས་གནས་ཁག་གིས་རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲོང་གསེབ་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གསར་རྐྱང་དུ་གྱུར་པ་མ་ཟད། འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱང་རྒྱུན་མཐུད་འཕེལ་ཡོད་པ་རེད། གསོན་ཉམས་དོད་པའི་གྲོང་གསེབ་ཀྱི་མཛེས་རིས་ལས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ལེགས་པ། རིག་གནས་རྒྱུན་འཛིན། འཚོ་བ་ལེགས་སུ་ཕྱིན་པ་བཅས་ཀྱི་འགྱུར་ལྡོག་མཚོན་ཡོད།
རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་ཀྲུང་གོའི་གྲོང་གསེབ་ཏུ་བསྐྱོད་དེ་པར་ཆས་ལ་བརྟེན་ནས་ཞིང་ཁུལ་གྱི་མཛེས་ལྗོངས་དང་། རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་སྒུལ་ཤུགས་བཅས་མངོན་པར་བྱས་པ་མ་ཟད། གསོན་ཉམས་དོད་པའི་མཛེས་ལྗོངས་རེ་རེ་ལས་ཀྲུང་གོའི་གྲོང་གསེབ་ཀྱི་འགྱུར་ལྡོག་དང་གསོན་ཤུགས་ཚོར་ཐུབ།
འབྲེལ་ཡོད་གསར་འགྱུར།