2026ལོར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་རྒྱུན་བཙུགས་མེ་འཁོར་གྱིས་ཚད་ལྡན་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་ཁྲི་100ལས་བརྒལ་བ།

འདི་ནི་སྐམ་མཚོའི་བགྲོད་ལམ་གསར་པའི་རྒྱུན་བཙུགས་མེ་འཁོར་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་གི་མཐུན་སྒྲིལ་གྲོང་ཚོའི་ས་ཚིགས་ནས་ཐོན་བཞིན་པ།
ད་ལོ་ཚུན། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ཕྱོགས་གཉིས་པོའི་ཟོག་འདྲེན་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དང་། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་དང་བྱང་རྒྱུད་མཚོ་ཁུག་གྲུ་ཁས་མཉམ་འགུལ་དམ་ཟབ་ཀྱིས་སྐྱེལ་འདྲེན་ཡང་ཡང་བྱེད་ཀྱི་ཡོད། ཟླ་10ཚེས་6ཉིན་བར། ད་ལོ་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་རྒྱུན་བཙུགས་མེ་འཁོར་གྱིས་ཚད་ལྡན་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་ཁྲི་100ལས་བརྒལ་བ་དང་། བགྲོད་ལམ་ཤར་གཏོང་འགན་ལེན་གྱི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ནས་ལྷོ་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།