མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་མྱུར། ཕྱུག་འགྱུར་ལམ་བུ་ཡངས་སེ་ཡངས།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་ནས“མྱུར་སྐྱེལ་གྲོང་ཚོར་འབྱོར་བའི”འདུ་འགོད་རྒྱུན་མཐུད་ཟབ་ཏུ་བཏང་སྟེ། མྱུར་སྐྱེལ་ལས་རིགས་དེ་ས་མཐོའི་ཞིང་འབྲོག་པ་རང་ས་དང་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་བརྟན་པོ་ཡོང་བར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་བཏོད་ཅིང་། ཀུན་ཕན་རང་བཞིན་གྱི་གཞི་རིམ་ལས་ཞུགས་ལས་གནས་གསར་སྤེལ་བྱས་པ་བརྒྱུད། ས་གནས་དེ་གའི་མང་ཚོགས་ལས་ཞུགས་བརྟན་པོ་དང་འབབ་འཕར་རྒྱུན་མཐུད་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
མིག་སྔར། ས་ཁུལ་དེ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་སུ་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ཞིང་འབྲོག་པ་115ལས་ཀར་བསྡུས་པ་དང་། ལས་གནས་དག་ས་ཁུལ་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྦྲག་སྲིད་མྱུར་སྐྱེལ་ས་ཚིགས་སུ་ཁྱབ་པ། སྦྲག་པ་དང་། དབྱེ་འབྱེད་པ། ལས་གཉེར་བ་སོགས་དངོས་སྤྱོད་ལས་རིགས་མང་པོ་ཚུད་དེ་ལས་ཞུགས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་ལས་ཀ་བྱེད་མཁན་མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་9771.3ཟིན་པ་དང་ལས་རིགས་ཡོངས་ཀྱི་ལོ་འཁོར་གྱི་ངལ་ནུས་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1348.4ཙམ་ཟིན་ཡོད།
མངའ་རིས་ས་ཁུལ་གྱི་ས་རྒྱ་ཆེ་བ་དང་། མང་ཚོགས་གནས་སྡོད་ཁ་ཐོར་ཡིན་པ། ཕྱིར་གླ་པར་སྐྱོད་པར་སྟབས་བདེ་མེད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས་མྱུར་སྐྱེལ་ལས་གནས་ཀྱི་ཆ་རྐྱེན་མཐོ་པོ་མེད་པ་དང་། འཚམ་འཕྲོད་མགྱོགས་པ། ཐག་ཉེ་སར་ལས་ཞུགས་ཐུབ་པ་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་པའི་ཁར། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཤུགས་ཆེན་བྱས་ནས་ལས་རིགས་ཀྱི་ལས་ཞུགས་སྐུལ་ཁྲིད་བྱེད་ནུས་རྒྱུན་ཆད་མེད་པར་བཏོན་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྦྲག་བསྐུར་ཟོག་འགྲུལ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག མྱུར་སྐྱེལ་བསྐུར་ལེན་དང་། མྱུར་སྐྱེལ་དབྱེ་འབྱེད། དྲ་ཚིགས་ལས་རེས། སྐར་ཁུང་ལས་གཉེར་སོགས་གཞི་རིམ་གྱི་ལས་གནས་རྒྱུན་མཐུད་མང་དུ་སོང་ནས། ས་གནས་དེ་གའི་ཞིང་འབྲོག་པ་འབོར་ཆེན་ལ་སྒོ་རྩར་ལས་ཞུགས་ཐུབ་པའི་གོ་སྐབས་བྱུང་ཡོད། དེ་ལས་མང་ཚོགས་ལ་གཏན་འཇགས་ཀྱི་ཡོང་འབབ་རྒྱུན་མཐུད་བརྟན་པོ་བྱུང་བ་མ་ཟད། རྒྱུན་གཏན་གྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་པ་དང་གཞི་རིམ་མང་ཚོགས་ཀྱི་འབབ་འཕར་གྱི་ཞན་ཆ་སེལ་ཐུབ་ནས་མྱུར་སྐྱེལ་ལས་རིགས་དེ་ས་མཐོའི་མང་ཚོགས་ལས་ཞུགས་བརྟན་པོ་དང་འབབ་འཕར་ཡོང་བའི་དམངས་ཕན་ཐོན་ལས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།