དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ངམ་རིང་རྫོང་གིས་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-11

    ཉེ་ཆར། ངམ་རིང་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དང་། ཟ་ཁང་། བྱེད་སྒོ་སྤེལ་ཡུལ་ཆུང་གྲས་ཁག་དགུ དེ་བཞིན་གཙོ་གནད་ཚན་པ་སོགས་ཁྱབ་ཁོངས་ལ་དམིགས་ནས་མེ་ཟོན་བདེ་འཇགས་ཁྱོན་ཡོངས་ལ་ཁྱབ་པའི་ཆེད་དོན་ཞིབ་བཤེར་དང་དྲིལ་བསྒྲགས་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་སྤེལ་རིང་། མེ་གསོད་རུ་ཆེན་གྱི་ཞིབ་བཤེར་མི་སྣས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་སྐབས་ཁུག་གསང་མ་ལུས་པ་མཐའ་འཁྱོངས་ཀྱིས་བྱེད་སྒོ་སྤེལ་ཡུལ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། མེ་གསོད་སྒྲིག་ཆས་སྐྱོན་མེད་པ། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་གཏོང་། མེ་དང་། གློག སོལ་རླངས་བཅས་ཚད་ལྡན་སྤྱོད་པར་དོ་དམ། འཕྲལ་སྡོམ་སྔོན་ཇུས་བཟོ་བ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ཅ་དངོས་གང་བྱུང་སྤུངས་པ་དང་། མེ་གསོད་སྒྲིག་ཆས་ཀྱི་དུས་ཚོད་ཡོལ་བ། ལམ་ཐིག་ཚད་ལྡན་མེད་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་པར་ལྟ་སྐུལ་དང་། དག་ཐེར་དུས་བཀག་དང་འགན་འཁུར་མི་སྣ་ཁ་གསལ་བཟོ་བ། རྩིས་ཁྲའི་རྣམ་པའི་དོ་དམ་དང་རྩིས་ཐོ་མེད་པར་བཟོ་བའི་རྣམ་པར་བཅོས་སྒྲིག་བཅས་བྱས་ཏེ་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།