རྒྱལ་སྟོན་གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བསྒྲལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་21.44ཟིན་པ།
གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་རྒྱལ་སྟོན་གུང་གསེང་རིང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་བྱུང་ཡོད། རིམ་རྩིས་བརྒྱབ་ན། ཟླ་10ཚེས་1ནས་ཚེས་7ཉིན་བར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བསྒྲལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་21.44ཟིན་ནས་ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་3.06ཟིན་ཡོད།
གཞུང་ལམ་བརྒྱུད་ནས་ཕྱིར་འགྲོ་མཁན་ནི་གཙོ་བོ་ཡིན་ཞིང་། རིམ་རྩིས་བརྒྱབ་ནས་སྔོན་དཔག་བྱས་ན། གཞུང་ལམ་ཐོག་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་196420ཟིན་ནས་ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་28060ཟིན་ཡོད། དེའི་ནང་རིམ་རྩིས་བརྒྱབ་ན་གཞུང་ལམ་དུ་གཉེར་སྐྱོང་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་28676ཟིན་ནས་ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་4097ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ཡོད།
ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། ཆུ་ཐོག་སྐྱེལ་འདྲེན་བཅས་སུ་འགྲུལ་པ་སྐྱེལ་ཚད་དུས་མཚུངས་ལས་སོ་སོར་འཕར་ཞིང་། རིམ་རྩིས་བརྒྱབ་ན་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་15236ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་2177ཟིན་པ་དེ་དུས་མཚུངས་ལས་13.1%འཕར་ཡོད། རིམ་རྩིས་བརྒྱབ་ན་ཆུ་ཐོག་ནས་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་1099ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་157ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད། རིམ་རྩིས་བརྒྱབ་ན་དམངས་སྤྱོད་མཁའ་འགྲུལ་དུ་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་1695ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་242ཟིན་པ་དེ་དུས་མཚུངས་དང་སྤྱིར་ན་མཚུངས་ཡོད།
འབྲེལ་ཡོད་གསར་འགྱུར།