རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བཞི་ལྷག་ཙམ་བསྡུས་ཟིན་པ།

ཉེ་ཆར། ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་བྱས་པ་ལས་མངོན་པར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བཞི་ལྷག་ཙམ་བསྡུས་ཟིན་ཡོད། དེའི་ནང་རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་རྒྱུག་ཁུལ་དུ་བཅུ་ཆ་ལྔ་ལྷག་ཙམ་བསྡུས་ཟིན་པ་དང་། བྱང་ཤར་དུ་བཅུ་ཆ་གཉིས་དང་ཕྱེད་ཀ་བསྡུས་ཟིན་པ། ལྷོ་ནུབ་ཏུ་བཅུ་ཆ་བདུན་ལྷག་ཙམ་བསྡུས་ཟིན་པ། ནུབ་བྱང་དུ་བཅུ་ཆ་ལྔ་ལྷག་ཙམ་བསྡུས་ཟིན་པ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་བཅུ་ཆ་ལྔ་ལྷག་ཙམ་བསྡུས་ཟིན་པ། ཧྭ་ནན་དུ་བཅུ་ཆ་གཉིས་ལྷག་ཙམ་བསྡུས་ཟིན་པ་བཅས་རེད།འདི་ནི་ཟླ་10ཚེས་8ཉིན། ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏན་གྲོང་ཁྱེར་ཤིས་ཕིང་རྫོང་ལའོ་ཝང་ཕོའོ་ཡི་ཚད་གཞི་མཐོ་བའི་ས་ཞིང་གི་དཔེ་སྟོན་ཁུལ་དུ་བརྔ་བསྡུ་འཕྲུལ་འཁོར་གྱིས་ཡོངས་སུ་སྨིན་པའི་ཀའོ་ལིའང་བསྡུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།