དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • པེ་ཅིང་བོད་སྐྱོར་གྱི་རིག་གནས་གྲུབ་འབྲས་གཙོ་བོ《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-10

    ཉེ་ཆར། པེ་ཅིང་བོད་སྐྱོར་གྱི་རིག་གནས་གྲུབ་འབྲས་གཙོ་བོ་ཡིན་པའི་སྐྱས་སྤོས་འབྲོག་པའི་རིག་གནས་གླུ་བྲོའི་ཟློས་གར《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པ་པེ་ཅིང་གི་གྲོང་ཤར་ཆུས་བདེ་སྐྱིད་ཤར་ཕྱོགས་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས་ཤིང་། རྒྱལ་སའི་ལྟད་མོ་བར་རི་མཚོ་སྟོང་ཕྲག་གིས་ཆོད་པའི་ས་མཐོའི་ཡུལ་སྲོལ་གོམས་འདྲིས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་ལྡན་པའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    ད་ཐེངས་ཀྱི《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་པ་ནི་གངས་ལྗོངས་ས་མཐོས་བོད་སྐྱོར་གྱི་གྲོང་ཁྱེར་ལ་ཕུལ་བའི་རིག་རྩལ་སྙན་སེང་ཞིག་ཡིན་ལ། དུས་རབས་གསར་པར་པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་ཕྱོགས་གཉིས་ཀར་ཕྱོགས་པ་དང་སེམས་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།

    《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པའི་ནང་གནམ་མཚོའི་རྒྱུད་ཀྱི་མི་སེམས་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་གཙོ་བོར་བྱས་པ་དང་། ས་མཐོའི་སྐྱས་སྤོས་རིག་གནས་ལ་གཞི་ཚུགས་པ། འབྲི་གཡག་གི་གཤིས་རྒྱུད་ནང་དོན་དུ་བྱས་ཏེ་བབ་ཆགས་ལ་ཟོལ་མེད་ཀྱི་སྒྱུ་རྩལ་ལ་བརྟེན་ནས་ཚེ་སྲོག་ལ་བསྟོད་གླུ་ཕུལ་ཡོད།

    པེ་ཅིང་བོད་སྐྱོར་གྱིས་དམིགས་སུ་རོགས་སྐྱོར་བྱས་ནས་བཏོད་པའི་རྩེར་སོན་རིག་རྩལ་རྣམ་གྲངས《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པ་ལོ་མང་བསྟུད་མར་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་། བརྩམས་ཆོས་ཀྱིས་རིག་རྩལ་འབྲེལ་ཐག་ཏུ་བྱས་ཏེ་འདམ་གཞུང་གི་སྐྱས་སྤོས་རིག་གནས་ཀྱི་མིང་བྱང་གི་སྐད་གྲགས་རྒྱུན་མཐུད་ཆེ་རུ་བཏང་ནས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ས་གནས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་གཞི་རྟེན་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།