འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས“འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་བརྟེན་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་དབང་བར་སྐུལ་འདེད་གཏོང་བའི”གྲོས་ཆོད་ལ་གྲོས་འཆམ་བྱུང་བ།
རི་ནེ་ཝ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གསུམ་པའི་ཐོག ཀྲུང་གོས་རྒྱལ་ཁབ་47གྱི་ཚབ་ཞུས་ནས་བཏོན་པའི“འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་བརྟེན་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་དབང་བར་སྐུལ་འདེད་གཏོང་བའི”གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅཱ་ཀུའེ་ཏེ་ཡིས་གྲོས་ཆོད་འཆར་ཟིན་ངོ་སྤྲོད་བྱེད་སྐབས། འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་གྱིས་རིགས་ཁག་གི་ཚོགས་སྤྱི་འདྲ་མཉམ་དང་སྟབས་བདེའི་ངང་སྤྱི་ཚོགས་འཚོ་བའི་ནང་ཞུགས་ནས་འགྲོ་བ་མིའི་ཐོབ་ཐང་ཁག་མངོན་འགྱུར་གང་ལེགས་ཡོང་བར་འགན་ལེན་ཡག་པོ་བྱས་ཡོད། ཐེངས་འདིའི་གྲོས་ཆོད་འཆར་ཟིན་ནང་མི་འབོར་ན་རྒས་ཅན་ལ་དམིགས་ནས་འཁོན་ཐོགས་མེད་པ་དང་རྒན་འཕྲོད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་ལ་དམིགས་ནས་རྒྱལ་ཁབ་ཁག་ལ་གསར་དར་གྲངས་འཛིན་ལག་རྩལ་གསར་སྤེལ་དང་བེད་སྤྱོད་བྱེད་རིང་གསར་གཏོད་དང་། བསྟུན་མཁས། སྒོ་དབྱེ། དྲང་གཞག བདེ་འཇགས། བློས་འཁེལ་བ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་འཁོན་ཐོགས་མེད་པའི་ཆ་འཕྲིན་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།