དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་ནས་ལོར་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་50ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-09

    ཟླ་10ཚེས་3ཉིན་བར། མཚོ་སྔོན་ཞིང་ཆེན་མར་སྟེང་ཆུ་ཤུགས་གློག་ཁང་ནས་ལོར་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་50ལས་བརྒལ་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་50.33ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་22%ཙམ་འཕར་ཏེ། གློག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཚུན་དུས་མཚུངས་ཀྱི་གློག་གཏོང་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

    འབྲུབ་དུས་སླེབས་ཚུན། རྨ་ཆུའི་སྟོད་རྒྱུད་དུ་ཆུ་ཁ་རྒྱུན་མཐུད་རྒྱས་པ་དང་། མར་སྟེང་ཆུ་ཤུགས་གློག་ཁང་གིས་གོ་སྐབས་དམ་འཛིན་བྱས་ཏེ། “གློག་གཏོང་ཚད་ལེགས་སུ་གཏོང་བ་དང་འཁོར་སྐྱོད་གནད་སྨིན་བྱེད་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་གློག་ཤུགས་བདེ་འཇགས་ཀྱི་མཁོ་སྤྲོད་འགན་ལེན་དང་འབྲུབ་འགོག་འབྲུབ་སྒྲོལ་ལ་སྤྱི་འདོམས་བྱས་ནས། ལོ་ཧྲིལ་པོའི་གློག་གཏོང་དམིགས་ཚད་ལེགས་གྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། འཁོར་སྐྱོད་བཀོད་གཏོང་ཐད། གློག་ཁང་གིས་ཉིན་རེའི་འཁོར་སྐྱོད་འཆར་ཅན་ཚོགས་འདུ་དང་། གཟའ་འཁོར་རེའི་དུས་བཀག་ལས་དོན། ཟླ་རེའི་འཁོར་སྐྱོད་དབྱེ་ཞིབ་བཅས་ཀྱི་ལམ་སྲོལ་ལག་ལེན་ནན་པོ་བསྟར་བ་དང་། གནམ་གཤིས་སྔོན་བརྡ་གཏོང་བ་དང་ཆུ་གཞུང་ཨ་མའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་ཟུང་འབྲེལ་གྱིས་ཆུའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཆུ་མཛོད་ཀྱི་བཀོད་གཏོང་བྱེད་སྟངས་དུས་ཐོག་ཏུ་ལེགས་སུ་གཏོང་བ་བཅས་བྱས་ནས། ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་དགོས་རིགས་ཚང་མ་བེད་སྤྱོད་བཏང་ཡོད།

    སྒྲིག་ཆས་དོ་དམ་ཐད། གློག་ཁང་གིས“སྤ་སེ་གཉིས་དང་ལམ་ལུགས་གསུམ”དོན་འཁྱོལ་ནན་པོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་གློག་གཏོང་གློག་སྒྱུར་སྒྲིག་ཆས་དང་། ས་འོག་བཟོ་ཁང་། བསད་སྤར་ས་ཚིགས་བཅས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་སྲུང་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པ་མ་ཟད། ཐེག་ཚད་མཐོ་བའི་དུས་མཚམས་སུ་སྐོར་ཞིབ་ཐེངས་གྲངས་མང་དུ་བཏང་བ་རེད།

    “ནུབ་གློག་ཤར་ཁྲིད”དང“མཚོ་སྔོན་གྱི་གློག་ཧོ་ནན་དུ་གཏོང་བའི”གློག་ཁུངས་གཙོ་བོ་ཡིན་པའི་མར་སྟེང་ཆུ་ཤུགས་གློག་ཁང་གིས་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་50.33བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་150ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་550ཙམ་བཙོག་འབུད་ཉུང་གཏོང་ཐུབ་ནས་ལྗང་མདོག་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།