བོད་ཀྱི་ཞིང་འབྲོག་པའི་མཉམ་གཞས་རུ་ཁག་གསུམ་གྱིས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་འགྲེམས་འཁྲབ་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་མང་ཚོགས་ཀྱི་རིག་རྩལ་བྱེད་སྒོར་བཀྲག་མདངས་འཚེར་ས་མང་པོ་ཡོད་པའི་ནང་ཞིང་འབྲོག་པའི་མཉམ་གཞས་རུ་ཁག་གསུམ་གྱིས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་འགྲེམས་འཁྲབ་གར་སྟེགས་ཐོག་འཁྲབ་སྟོན་བྱས་པར་གྲུབ་འབྲས་དེ་བས་གཟེངས་སུ་ཐོན་པ་ཐོབ་ཡོད། 2024ལོ་ནས་2026ལོ་བར། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་གྲོང་ཚོ་རིམ་པའི་མཉམ་གཞས་ཚོགས་པ་དང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་གྱི་འབྲོག་པའི་མཉམ་གཞས་ཚོགས་པ། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་སྡེ་ཁུལ་གྱི་གུ་གེའི་གླུ་ལེན་རུ་ཁག་བཅས་ཞིང་འབྲོག་པའི་མཉམ་གཞས་རུ་ཁག་གསུམ་ནང་སོག་གི་ཨེར་ཏུའོ་སིར“གྲོང་ཚོའི་སྙན་འཇེབས་གླུ་དབྱངས”ཞེས་པའི་རྒྱལ་ཡོངས་ཀྱི་གཅིག་སྡུད་འགྲེམས་འཁྲབ་གར་སྟེགས་ཐོག་འཁྲབ་སྟོན་ལ་མངགས་པར། རྒྱལ་ཡོངས་ཀྱི་ཨང་བཞི་པ་ཐེངས་གཉིས་དང་རྒྱལ་ཡོངས་ཀྱི་མཉམ་གཤིབ་ཨང་གཉིས་པ་ཐེངས་གཅིག་ཐོབ་ནས་ལོ་གསུམ་བསྟུད་མར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།