རིག་གནས་བསམ་བཀོད་ཐོན་རྫས་བྲིན་ཁ་རྒྱུག་པ།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་ཐོན་རྫས་དར་སོ་ཆེ་བ་དང་རིག་གནས་ཀྱི་གདེང་ཚོད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་འཛད་སྤྱོད་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་སྟེ། རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཛད་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་དེ་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས་ཀུན་ལས་ཁྱད་དུ་འཕགས་པ་བྱུང་སྟེ། ཡུལ་སྐོར་བ་དང་ས་གནས་དེ་གའི་འཛད་སྤྱོད་པས་དགའ་ཤོས་བྱ་ཡུལ་དུ་གྱུར་ཡོད་ཅིང་། འདི་ནི་གྲོང་མི་དང་ཡུལ་སྐོར་བས་བོད་ལྗོངས་རྟེན་མཛོད་ཁང་ནས་རིག་གནས་བསམ་བཀོད་ཐོན་རྫས་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།