དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཐབས་མང་མཉམ་དུ་སྤྱད་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-08

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས“ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི”འདུ་ཤེས་ལག་ལེན་ནན་ཏན་བསྟར་ནས། “ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེཌ་སུ་གཏོང་བའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཁྲིམས་སྐྱོང་ཞབས་ཞུར་བརྟེན་ནས་མཁོ་སྤྲོད་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཁྲིམས་སྐྱོང་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེཌ་སུ་བཏང་བ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུཌ་ཡོད་རྒུས་འདེགས་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དམངས་གཉེར་ཁེ་ལས་འབྲིང་ཆུང་དང་དེ་བཞིན་མ་འཇོག་མཁན་གྱི་ཁེ་དབང་སྲུང་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རིགས་ལོ་འཁོར་གྱི་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་གསལ་ཐོའི་ནང་བཅུག་པ་དང“ཡིད་རྟོན་ཚོང་དར”གྱི་རིམ་སྤེལ་དྲིལ་བསྒྲགས་སོགས་ཞིབ་ཕྲའི་བྱ་ཐབས་ཁག་10ལག་ལེན་བསྟར་ནས། ཁེ་ལས་དང་། གླིང་ཁུལ། ཁྲོམ་ར། ཚོང་ཁུལ་བཅས་སུ་སྲིད་ཇུས་གསལ་འགྲེལ་དང་གྱོད་དཔེ་དྲངས་ནས་ཁྲིམས་ལུགས་གསལ་འགྲེལ་སོགས་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། གཞན་ཡང《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རིགས་འགོ་ཁྲིད་དང་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་གཙོ་གནད་ནང་དོན་ནང་བཅུག་ནས། སྡེ་ཚན་ཁག་གིས་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱིས“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པར་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་དུ་བྱས་ཏེ་ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་ཐེངས་1དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཆད་ཁྲིད་ཐེངས་1 རིགས་ཁག་གི་བརྗོད་དོན་གཙོ་བོའི་གསོ་སྦྱོང་ཐེངས་10ལྷག་ཙམ་བཅས་བྱས་པ་རེད།

    ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་ཁོངས་གཏོགས་ཚན་པ་ཁག་གིས་གཙོ་གནད་དུས་ཚོད་དང་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ་སོགས་ལ་དམིགས་ནས། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲཌ་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དམངས་གཉེར་ཁེ་ལས་ཀྱི“ཁྲིམས་སྐྱོང་ཞིབ་བཤེར”སོགས་ཀྱི་ཆེད་དོན་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ཁེ་ལས་དང་ཚོང་དོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་པ་ཁག་གཅིག་བཏོད་ཡོད། གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྐོར་གྱི་དྲིལ་བསྒྲགས་ཆ་འཕྲིན་དང་བརྙན་ལམ་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག “ཁུ་ནུའི་ཁྲིམས་རྩོད་པ་ཆེ་མོའི”རླུང་འཕྲིན་བཅའ་ཁྲིམས་ཁྱབ་གདལ་ལེ་ཚན་སྣེ་ཁྲིད་དེ་གཙོ་གཉེར་བྱས་པ་དང་། 《ཁྲིམས་སྐྱོང་གིས་འདེགས་སྐྱོར་བྱས་ནས། ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ》ཞེས་པའི་དྲིལ་བསྒྲགས་ཀློག་དེབ་2000ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་པ་དང་འབྲེལ། སྲིད་ཇུས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་དཔེ་ཁག་གཅིག་བདམས་ཏེ་དུས་བཀག་ནང་ཡོངས་བསྒྲགས་བྱས་པ་རེད།

    ཞིང་ཆེན་ཁྲིམས་འཛིན་ཐིང་དང་དེ་བཞིན་བཅའ་ཁྲིམས་ཁྱབ་གདལ་གྱི་ཁོངས་གཏོགས་ཚན་པ་ཁག་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་། སྲིད་ཇུས་སྒྲིག་སྲོལ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས“བཟོ་བཅོས་དང་རྩིས་མེད་གཏོང་བའི”ལས་དོན་ཧུར་ཐག་སྤེལ་ནས་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་36ལ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་བྱས་ཡོད།“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། “ལག་ཁྱེར་ཉུང་གཏོང་དང་དམངས་ལ་སྟབས་བདེ་སྐྲུན་པ”སོགས་དམངས་ཕན་དང་ཁེ་ལས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་ནུས་ལྡན་ལག་ལེན་བསྟར་བ་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་སྒོ་14“དྲ་གཅིག་ཀུན་སྒྲུབ”ནང་བཅུག་པ། ལས་སྒོ་5“ཞིང་སྒྲོལ་ཀུན་སྒྲུབ”ཐུབ་པ། གཞུང་དཔང་དོན་ཚན་118“ཆིང་སུང་གཞུང་སྒྲུབ”ཀྱི་APPནང་བཅུག་པ་བཅས་བྱས་པས། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་90%ཡན་ཟིན་ཡོད། ཁེ་ལས་350ལ“ཁྲིམས་སྐྱོང་ཞིབ་བཤེར”གྱི་ཞབས་ཞུ་མཁོ་འདོན་བྱས་ནས་བཅའ་ཁྲིམས་ཀྱི་ཉེན་ཁའི་ས་ཚིགས་9232གྲལ་བཤེར་བྱས་ཡོད། སྲིད་འཛིན་ཁྲིམས་འཛིན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་གསུམ”དོན་འཁྱོལ་ནུས་ལྡན་བྱེད་པ། ཁྲིམས་རྩོད་པའི་ལས་དོན་ཁང་15བདམས་ནས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་བཅའ་ཁྲིམས་ཞབས་ཞུའི་ཚོགས་པ་བཙུགས་པ། རྣམ་པ་སྣ་ཚོགས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་བ། “བརྟག་དཔྱད”བརྒྱུད་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ཤེས་རྟོགས་བཅས་བྱས་ཏེ “ཁེ་ལས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ”དེ་བས་གནད་སྨིན་དང་དེ་བས་དྲོ་སྐྱིད་ལྡན་པར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།