སྟོན་ཟླ་ར་བའི་ཞལ་དཀར་མཚོ་འདམ་རའི་རྩྭ་ཆུ་བཟང་ལ་ཡུལ་ལྗོངས་མཛེས་པ།


ཉེ་ཆར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཁོངས་སུ་གནས་པའི་ཞལ་དཀར་མཚོའི་སྟོན་དུས་རྩྭ་ཆུ་བཟང་ལ་ཡུལ་ལྗོངས་ལྷག་པར་མཛེས་པས། རྐྱང་སོགས་སྲོག་ཆགས་མང་པོ་ཟས་འཚོལ་བར་ཡོང་གི་ཡོད། སྒེར་རྩེ་རྫོང་ཁོངས་སུ་མཚོ་མཚེའུ་ཧ་ཅང་མང་ཞིང་། དེ་དག་གིས་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་པོ་རེ་རེ་དང་འདྲ་བར་ས་མཐོ་ལེགས་པར་བརྒྱན། རྒྱལ་ལམ་317རྒྱུད་དུ་གནས་པའི་ཞལ་དཀར་མཚོ་ནི་ས་མཐོའི་མཚོ་ཞིག་ཡིན་ཞིང་། དེ་ནི་བྱང་ཐང་དབུས་རྒྱུད་ཀྱི་དཔེ་མཚོན་གྱི་འཁྱགས་མཚོ་ཞིག་རེད།
འདི་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཁོངས་ཀྱི་ཞལ་དཀར་མཚོའི་ངོགས་ཀྱི་མཛེས་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།