དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་སི་ཕེན་ཡི་གེའི་དཔར་མའི་དཔེ་ཀློག་སྤེལ་རེས་ཚོགས་འདུ་མ་ཏེ་རི་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-08

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་སི་ཕེན་ཡི་གེའི་དཔར་མའི་དཔེ་ཀློག་སྤེལ་རེས་ཚོགས་འདུ་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རི་རུ་འཚོགས་པ་རེད། བྱེད་སྒོ་དེ“ཤེས་དཔལ་གླེང་མོལ་གྱིས་ཐུན་མོང་ཡར་ཐོན་ལ་མཐུན་རྐྱེན་སྦྱོར། ཀྲུང་སིའི་སྤེལ་རེས་ཀྱི་གོ་སྐབས་དང་རྒྱང་ལྟ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་སི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། མཐོ་སློབ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་འཐུས་མི་60ལྷག་ཙམ་ཞུགས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་སི་ཕེན་ཚུད་པའི་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་མཉམ་ལས་ཀྱི་གོ་སྐབས་བཏོད་ཡོད། ཀྲུང་སི་ཕྱོགས་གཉིས་པོས་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་། ཐུན་མོང་ངོས་འཛིན་དེ་བས་མང་བ་གཅིག་སྒྲིལ། གཉིས་ཕན་མཉམ་ལས་གཏིང་ཟབ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་སྣོན་དགོས་ཞེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་ངོས་འཛིན་བྱས་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་སི་ཕེན་ཡི་གེའི་དཔར་མས་སི་ཕེན་སྐད་ཡིག་གི་ཀློག་པ་པོར་དུས་རབས་གསར་པའི་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཁ་གསལ་རྟོགས་པར་བསམ་བློའི་སྐར་ཁུང་གལ་ཆེན་ཞིག་བཏོད་ཡོད། ཕྱོགས་གཉིས་པོས་བསམ་བློའི་ངོས་འཛིན་གཅིག་མཐུན་དེ་དངོས་སྒྲུབ་བྱ་སྤྱོད་ལ་བསྒྱུར་ཏེ། དཔལ་འབྱོར་ཚོང་དོན་དང་། ཁོར་ཡུག་སྲུང་སྐྱོང་། གྲངས་འཛིན། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས། གྲུབ་འབྲས་དེ་བས་མང་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་འདོགས་དགོས།

    སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧོ་སེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱ་ཡིས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དཔལ་འབྱོར་འཕར་བའི་ཐོག་ནས་མཚོན་པ་མ་ཟད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་ཕྱིན་པ། ཁོར་ཡུག་ལེགས་སུ་ཕྱིན་པ་བཅས་ནས་ཀྱང་མཚོན་གྱི་ཡོད་ཅེས་བརྗོད།

    སི་ཕེན་ཀྲེ་ཧྭ་སློབ་ཁང་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་མར་ཐཱ·མོང་ཐོ་ལོའོ་ཡིས། སི་ཀྲུང་ཕྱོགས་གཉིས་པོས་གཟབ་ཉན་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱད་པར་དེ་གོ་སྐབས་སུ་འགྱུར་བའི་མཉམ་ལས་ཀྱི་བར་མཐོངས་འཚོལ་དགོས་ཞེས་བརྗོད་པ་རེད།

    ཚོགས་ཞུགས་འཐུས་མིས་ད་དུང་ཀྲུང་སིའི་ས་གནས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ། གཞོན་ནུའི་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་གླེང་མོལ་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱི་སྐུ་མགྲོན་འཐུས་མིར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་སི་ཕེན་ཡི་གེའི་དཔར་མའི་དཔེ་དེབ་སྐྱེས་སུ་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།