དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་མཇུག་འགྲིལ་བ།

    ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་སྐབས་བཅུ་གཉིས་བསྟུད་མར་གསེར་གྱི་རྟགས་མ་མང་ཤོས་ཐོབ་མཁན་དུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-08

    ཉེ་ཆར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་རི་པིན་གྱི་ཨའེ་ཀྲི་རྫོང་མིང་ཀུའུ་ཝུའུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

    སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྱོན་ལུས་རྩལ་པ་815བཏང་ནས་རྣམ་གྲངས་ཆེ་གྲས་38དང་། ཡན་ལག་རྣམ་གྲངས་59རྣམ་གྲངས་ཆུང་གྲས་369ཡི་འགྲན་བསྡུར་ནང་ཞུགས་པ་དང་། གསེར་གྱི་རྟགས་མ་169དང་། དངུལ་གྱི་རྟགས་མ་89 ཟངས་ཀྱི་རྟགས་མ་83བཅས་ཁྱོན་རྟགས་མ་341ཐོབ་ནས་སྐབས་བཅུ་གཉིས་བསྟུད་མར་གསེར་གྱི་རྟགས་མ་ཐོབ་མཁན་མང་ཤོས་ལ་གྱུར་པ་དང་། གསེར་གྱི་རྟགས་མའི་བསྡོམས་འབོར་གྱིས་ཕྱི་རྒྱལ་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ཟིན་ཐོ་གསར་པ་བཏོད་ཡོད། ཚ་ཁ་ལྟ་བ་སོགས་ཀྱི་རྣམ་གྲངས་ཁྲོད་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པས་འཛམ་གླིང་གི་ཟིན་ཐོ་ཁག་8དང་། ཨེ་ཤེ་ཡའི་ཟིན་ཐོ་ཁག་11 ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་ཁག་22བཅས་བཏོད་ཡོད།

    ན་གཞོན་ལུས་རྩལ་པའི་ངོ་མཚར་ཆེ་བའི་གྲུབ་འབྲས་དེ་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་བཀྲག་མདངས་འཚེར་སར་གྱུར་ཡོད། ལོ་17ལ་སླེབས་པའི་ཁྲེན་ཡུས་ཅེ་ནི་ཨེ་ཤེ་ཡའི་ལོ་ན་གཞོན་ཤོས་ཀྱི་བུད་མེད་སྨི་བརྒྱའི་འགྲན་རྒྱུག་གི་ཨང་དང་པོ་ཡིན་པ་དང་། ལོ་13ལ་སླེབས་པའི་ཡུས་ཙེ་ཏིས་ཆུ་རྐྱལ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་3བླངས་པ་དང་། རྣམ་གྲངས་3གྱི་གྲུབ་འབྲས་ཀྱིས་ཨེ་ཤེ་ཡའི་ཟིན་ཐོའམ་ཡང་ན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ལོ་19ལ་སླེབས་པའི་ཀྲང་ཀྲན་ཧྲུའོ་ལ་ཆུ་རྐྱལ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་7ཐོབ་ནས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལོ་རྒྱུས་ཐོག་མི་སྒེར་གྱིས་འགྲན་ཚོགས་སྐབས་གཅིག་རང་ལ་གསེར་གྱི་རྟགས་མ་བླངས་པའི་ཟིན་ཐོ་མཐོ་ཤོས་དང་མཉམ་པ། སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ལོ་28སོང་རྗེས་སླར་ཡང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་སའི་སྟེགས་བུར་ལངས་ནས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རྣམ་གྲངས་ལ་ལོ་23མན་གྱི་ལོ་ཚད་ཀྱི་ཚད་བཀག་བཟོས་རྗེས་ཀྱི་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་གྲུབ་འབྲས་ཡག་ཤོས་བཏོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།