ཧྭ་གློག་བོད་ལྗོངས་མཚོ་སྨད་ཀྱི་ཀྲའོ་ཝ་80ཡི་རླུང་གློག་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ།
ཉེ་ཆར། ཧྭ་གློག་བོད་ལྗོངས་མཚོ་སྨད་ཀྱི་ཀྲའོ་ཝ་80ཡི་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་དང་པོ་བདེ་བླག་ངང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། དེ་ནི་བོད་ཀྱིས་200རྣམ་པའི་ཀྲའོ་ཝ་6.25ཡི་རླུང་གློག་འཕྲུལ་འཁོར་ཚང་མ་སྤྱོད་པའི་རླུང་གློག་རྣམ་གྲངས་ཐོག་མ་དེ་རེད། རྣམ་གྲངས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོར་ཆ་སྙོམས་ཚད་ལྡན་རྡོ་སོལ་ཏུན་ཁྲི་5.59གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་15.34ཉུང་དུ་འགྲོ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་གནས་པ་དང་དེ་ནི་རང་སྐྱོང་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་ནུས་རྒྱུ་གསར་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། དེ་གའི་ཆ་སྙོམས་ས་བབ་སྨི་5150ཙམ་ཟིན་པ། འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཀྲའོ་ཝ་6.25ཟིན་པའི་རླུང་གློག་འཕྲུལ་ཙུའུ་13སྒྲིག་སྦྱོར་བྱས་པ། ཆུ་ཚོད་ཀྲའོ་ཝ་16དང་ཀྲའོ་ཝ་64ཟིན་པའི་དྲ་གྲུབ་རྣམ་པའི་ནུས་གསོག་མ་ལག་ཆ་ཚང་སྒྲིག་སྦྱོར་བྱས་ཡོད། གསར་དུ་བསྐྲུན་པའི་ཆན་ཧྥུའུ་220ཟིན་པའི་གློག་ཤུགས་འཕར་ཚུགས་ཀྱི་ས་བབ་སྨི་5010ཙམ་ཟིན་པ་དེ་ནི་མིག་སྔར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་གི་ལེ་ལག་ཚང་བའི་ཆན་ཧྥུའུ་220ཟིན་པའི་གློག་ཤུགས་འཕར་ཚུགས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།