ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་འགྲན་ཞུགས་བརྩམས་ཆོས་ལ་རྒྱལ་ཡོངས་ཀྱི་གསོ་རིག་ཚན་རིག་ཁྱབ་གདལ་ལམ་བསྒྲགས་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ།
ཉེ་ཆར། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཡན་ལག་ཚོགས་འདུའི་2026ལོའི་རིག་གཞུང་ལོ་ཚོགས་འཚོགས་པ་རེད། དེ་དང་དུས་གཅིག་ཏུ་གཉེར་བའི་རྒྱལ་ཡོངས་ཀྱི་གསོ་རིག་ཚན་རིག་ཁྱབ་གདལ་ལམ་བསྒྲགས་འགྲན་བསྡུར་རིང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་འགྲན་ཞུགས་བརྩམས་ཆོས་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ལ། དམངས་འཚོའི་ཉེར་སྤྱོད་རིན་ཐང་ཆེ་བ་དང་ཚན་རིག་ཁྱབ་གདལ་བརྒྱུད་སྤེལ་བྱེད་སྟངས་དཔེ་གསར་ལྡན་པའི་དབང་གིས་རྒྱལ་ཡོངས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ནི་ལྷོ་ཁའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་དང་བདེ་ཐང་གི་ཚན་རིག་ཁྱབ་གདལ་ལས་དོན་གྱི་མཚོན་བྱེད་ཅིག་ཡིན་ཞིང་། འགོ་ཚུགས་མཛད་སྒོར“འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཚན་རིག་ཁྱབ་གདལ་དང་ཧུའུ་ནན་དང་བོད་ལྗོངས་མཉམ་འདྲེས་ཀྱིས་གྲིབ་སྐྱོན་སྔོན་འགོག”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་འཁྲབ་བྱས་པ་རེད། འགྲེམས་འཁྲབ་བྱེད་རིང་ལྷོ་ཁའི་ས་གནས་དེ་གའི་བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་། ཧུའུ་ནན་གྱི་ཁ་གཏད་བོད་སྐྱོར་སྨན་བཅོས་རོགས་སྐྱོར་གྱི་ལེགས་ཆ་དང་མཉམ་འདྲེས་བྱེད་པ། ཧུའུ་ནན་དང་བོད་ལྗོངས་ཀྱི་ཀྲུང་ཕྱིའི་གསོ་རིག་མཉམ་འདྲེས་ཀྱི་ཀླད་གྲིབ་སྔོན་འགོག་གི་ཚན་རིག་ཁྱབ་གདལ་གཏོང་སྟངས་གསར་གཏོད་བཅས་བྱས་ཏེ། སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་ཁམས་གསོའི་རིག་ལྡན་དང་དེང་རབས་ཀྱི་ཀླད་པའི་ཁྲག་རྩའི་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་མཉམ་འདྲེས་གཏིང་ཟབ་བྱས་ནས་གོ་བདེ་ལ་གསོན་ཉམས་ལྡན་པ་དང་མི་རིགས་ཀྱི་ཁྱད་ཆོས་དང་ཆེད་ལས་ཀྱི་སྤུས་ཁ་དག་པའི་ལྷོ་ཁའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་གསར་གཏོད་དང་། ཁྱད་ལྡན་ཆེད་ཚན་འཛུགས་སྐྱོང་དང་ཧུའུ་ནན་དང་བོད་ལྗོངས་ཀྱི་སྨན་བཅོས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་འགྲེམས་སྟོན་བྱས་ནས་ལྷོ་ཁའི་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་རིག་གནས་ཀྱི་སྤུས་རྟགས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།
ད་ཐེངས་རྒྱལ་ཁབ་རིམ་པའི་གར་སྟེགས་སུ་བྱ་དགའ་ཐོབ་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཚན་རིག་ཁྱབ་གདལ་ལས་དོན་དང་ཁྱད་ལྡན་སྨན་བཅོས་འཛུགས་སྐྲུན་ལ་ཁས་ལེན་བྱས་པ་ཞིག་རེད་ལ། ལྷོ་ཁའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་། ཀྲུང་ཕྱིའི་གསོ་རིག་མཉམ་འདྲེས་གསར་གཏོད། ཧུའུ་ནན་དང་བོད་ལྗོངས་ཀྱི་སྨན་བཅོས་རོགས་སྐྱོར་བཅས་སྤུས་འབྲས་ལེགས་གཉེར་བྱུང་བའི་གསོན་ཉམས་དོད་པའི་དཔང་པོ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།