དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱལ་སྟོན་ངལ་གསོར་ལས་གནས་བསྲུངས། ཁྱིམ་ཚང་མང་པོར་དྲོ་སྐྱིད་སྦྱིན།

    —— ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་སྟོན་ངལ་གསོའི་རིང་དམངས་འཚོར་ཐུགས་ཁུར་བྱས་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-08

    ཟླ་10ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཡན་ལག་ཅུས་ཚེར་དབད་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཀརྨ་ཆོས་འཕེལ་དང་ལས་རོགས་ཉེན་རྟོག་པ་མིག་དམར་གྱིས་རླངས་འཁོར་བཏང་ནས་ལས་འགན་སྒྲུབ་པར་སྐྱོད་སྐབས། ཐག་རིང་ལུང་ཁུག་གི་ལམ་དུམ་ཞིག་ཏུ་རླངས་འཁོར་ཞིག་བཞག་ཡོད་པ་དང་དེའི་ཉེ་འཁོར་དུ་མི་4སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་། སྐད་ཆ་དྲིས་པ་བརྒྱུད། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་བར་དུ་རླངས་འཁོར་གྱི་འཁོར་ལོ་གློ་བུར་དུ་རྡོལ་བ་དང་འཁོར་ལོ་བརྗེ་མི་ཤེས་པས་ཅི་བྱ་གཏོལ་མེད་གྱི་གནས་སུ་གྱར་བ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་རླངས་འཁོར་ནང་ནས་ལག་ཆ་བཏོན་ཏེ་འཁོར་ལོ་བརྗེ་རོགས་བྱས། ཁ་བྲལ་དུས་ཡུལ་སྐོར་བས་ཉེན་རྟོག་པའི་མིང་དྲིས་ནའང་ཁོང་གཉིས་ཀྱིས་མིང་མ་བཤད་པར་མུ་མཐུད་ལས་འགན་སྒྲུབ་པའི་ལམ་ལ་ཆས།

    ཡུལ་སྐོར་བས་ཉེན་རྟོག་པའི་ཉེན་རྟགས་ཨང་གྲངས་ངེས་ནས་110ལ་ཁ་པར་བརྒྱབ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཟླ་10ཚེས་2ཉིན་སླར་ཡང་ཕྱོགས་མང་པོ་ནས་ཚེར་དབད་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གི་ཁ་པར་ཨང་གྲངས་རྩད་བཅད་ནས་ཁོང་གཉིས་ལ་གཟེངས་བསྟོད་བྱ་རྒྱུའི་རེ་བ་བཏོན། “དམངས་ཀྱི་སེམས་ཁྲལ་སེལ་རྒྱུ་ནི་སྤྱི་བདེའི་འགན་འཁྲི་ཡིན་པས་མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་ང་ཚོས་རོགས་རམ་བྱེད་ངེས་ཡིན”ཞེས་སུའོ་ཀྲང་གིས་བཤད་ཅིང་ཁོང་ནི་ཁོང་ཚོར་རོགས་རམ་བྱེད་མཁན་གྱི་ཉེན་རྟོག་པ་དེ་རེད།

    ལས་སྒྲུབ་ལམ་དུ་དྲོ་སྐྱིད་ལྡན་པའི་རོགས་སྐྱོབ་དང་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་བ་ལས་གངས་ལྗོངས་ས་མཐོའི་ཉེན་རྟོག་པ་དང་མང་ཚོགས་དབར་བརྩེ་བ་ཟབ་པའི་རྣམ་པ་ཞིག་ཆགས་ཡོད། ངལ་གསོའི་རིང་དེ་ལྟར་དྲོ་སྐྱིད་ལྡན་པའི་རྣམ་པ་ཆབ་མདོའི་ས་ཆ་གང་སར་མཐོང་རྒྱུ་ཡོད།

    “ཕ་ཁྱིམ་དྲོན་མོ”ནས་སྦྱིན་པའི་དྲོ་སྐྱིད། ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀོང་ཡུས་སྨན་ལས་དང་། ལྷ་ཡི་བདུད་རྩི་བོད་སྨན། ཞོལ་ཧྭ་སྦི་རག་བཟོ་གྲྭ་སོགས་ཚན་པ་6ལ་སྔ་རྗེས་སུ་བསྐྱོད་དེ། ཐོན་སྐྱེད་གཉེར་སྐྱོང་གི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་པའི་ལས་བཟོར་འཚམས་འདྲི་ཞུས་པ་དང་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་རྩ་འཛུགས་ཀྱི་ཐུགས་ཁུར་ཚོར་བར་བྱས་པ་རེད།

    དེས་མ་ཚད་ད་དུང་གྲོང་ཁྱེར་གྱི“མཛེས་བཟོ་བར”ཡང་ཐུགས་ཁུར་ཟབ་མོ་ཚོར་བར་བྱས་ཤིང་། ངལ་གསོའི་རིང་ཆབ་མདོ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཧྥུའུ་ཅན་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པས་ཞལ་འདེབས་བརྒྱབ་པའི་གཅེས་སེམས་གྱོན་ཆས་ཁག་3438གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་འཐབ་ས་དང་པོའི་ཁོར་ཡུག་གཙང་སྦྲ་བ་1719ལ་སྤྲད་དེ“ཚ་གྲང་ལ་མ་འཛེམས་པར་དྲག་ཆར་རླུང་འཚུབ་ཁྲོད་འབད་འཐབ་བྱེད་བཞིན་པའི”ངལ་རྩོལ་པར་གུས་སེམས་མཚོན་པར་བྱས་པ་དང་། མིན་ཁྲང་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁ་གཏད་རོགས་སྐྱོར་གྲུབ་འབྲས་དོན་འཁྱོལ་ཏན་ཏིག་བྱས་པ་རེད།

    དྲོ་སྐྱིད་ནི་འཐབ་ས་མདུན་མ་ནས་མངོན་པ་མ་ཟད། གྲང་འགོག་དགུན་ཆས་སྤྲོད་པ་དང་དངོས་དངོས་རྗེན་རྗེན་གྱི་ཁ་གསབ་སྤྲོད་པ་སོགས་རྒྱུན་གཏན་གྱི་བྱ་བ་ཙག་ཙིག་ལས་དེ་བས་ཀྱང་མངོན་པར་བྱས་ཡོད། ཐུགས་ཁུར་དང་དྲོ་སྐྱིད་མི་སེམས་ལ་གཏིང་ཟབ་ཟུག་པ་ནི་དུས་ཆེན་དེའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་མི་ཚང་མར་སྦྱིན་པའི་ཆེས་བབ་ཆགས་པའི་ལག་རྟགས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།