རང་ལྗོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང(ཆུས)གསུམ་ལ་2021ལོ་ནས་2025ལོའི་ལོ་འཁོར་གྱི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་དཔེ་སྟོན་རྫོང(ཆུས)གི་མཚན་སྙན་ཐོབ་པ།
ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྒོ་བྱང་སྤྲད་ནས་མིང་འདོགས་རྒྱུའི་གཏན་འབེབས་དངོས་སུ་བཀྲམ་སྟེ་2021ལོ་ནས་2025ལོའི་ལོ་འཁོར་གྱི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་འཛུགས་གཏོད་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ལ་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། སྣང་རྫོང་བཅས་ལ་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང(ཆུས)གི་མཚན་སྙན་ཐོབ་པ་རེད།
ད་ཐེངས་ཀྱི་དཔེ་སྟོན་འཛུགས་གཏོད་ཐད་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྡེ་ཚན་མང་པོ་དང་མཉམ་དུ་སྤྱི་འདོམས་བྱས་ཏེ་རང་བརྟེན་འདུན་ཞུ་དང་། རིམ་པ་བཞིན་ཞིབ་དཔྱད། ཆེད་ལས་ཀྱི་དཔྱད་དཔོག སྤྱི་ཚོགས་ལ་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་ནན་པོ་བརྒྱུད་ཡོད་པ་རེད། ཟླ་9ཚེས་18ནས་23ཉིན་བར་མིང་འདོགས་འཆར་ཡོད་པའི་མིང་ཐོ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་མཐར་རྒྱལ་ཡོངས་ནས་དཔེ་སྟོན་གྲོང་ཁྱེར་60དང་དཔེ་སྟོན་རྫོང(ཆུས)160གཏན་འཁེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།