དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རི་བོ་ཆེའི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་རྒྱལ་སྟོན་གྱི་ངལ་གསོ་འཁྲུག་ཆ་དོད་དུ་བཏང་བ།

    སྔོ་ལྗང་གི་འགྲན་ར་གྲུ་བཞི་ལས་གྲོང་གསེབ་ཀྱི་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-08

    འདི་ནི་རི་བོ་ཆེ་རྫོང་གི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ད་ལོའི་རྒྱལ་སྟོན་དུས་ཆེན་ལ་རི་བོ་ཆེ་རྫོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་སྤོ་ལོའི་རུ་ཁག་62ཡོད་པ་དང་། མི་ཁྲི་1.1ཞུགས་པ། འགྲན་བསྡུར་ཐེངས་114བྱས་པས་སླར་ཡང་སྐད་གྲགས་བཞག་ཡོད་པ་རེད།

    རྒྱལ་སྟོན་ངལ་གསོའི་རིང་རི་བོ་ཆེ་རྫོང་དུ་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10ཡི་ཞིང་འབྲོག་མང་ཚོགས་དང་གཞི་རིམ་ལས་བྱེད་པ་མཉམ་དུ་འཛོམས་ནས་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཚ་རླབས་དང་བསྟུན་ཏེ་དམངས་ཡོངས་ལུས་སྦྱོང་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་ཡར་ཐོན་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་པར་བྱས་པ་དང་། སྤོ་ལོའི་འགྲན་བསྡུར་རེ་རེའི་ཁྲོད་ནས་རི་བོ་ཆེའི་དར་རྒྱས་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་གསལ་པོ་མཚོན་ཡོད།

    འགྲན་བསྡུར་སྤེལ་རིང་། དུས་རྒྱུན་ལག་ཏུ་འུར་རྡོ་ཐོགས་པའི་ཨ་ཁུ་འབྲོག་པ་དང་། ཞིང་ནང་དང་མུ་ཁར་སྐྱོད་མཁན་ཨ་ཁུ་ཞིང་པ། ལས་གནས་སུ་གཞི་ཚུགས་ཤིང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་གཞི་རིམ་ལས་བྱེད་པ་བཅས་སྤོ་ལོའི་ཐང་དུ་ནུས་ཤུགས་ཡོད་རྒུ་འདོན་མཁན་གྱི་སྤོ་ལོ་བ་ཞིག་ཏུ་གྱུར་ཡོད། ཁོང་ཚོས་རྐང་རྩལ་ཡོད་ཚད་ངོམས་ནས་སྤོ་ལོ་ཧབ་ཐོབ་རྒྱག་པ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ནུས་ཅི་ཡོད་སྤོ་ལོའི་ཐང་དུ་བཏོན་ཡོད། དུས་རྒྱུན་ཁོང་ཚོ་ལས་གནས་མི་འདྲ་ནའང་སྤོ་ལོའི་ཐང་དུ་ཚང་མ་སེམས་མཐུན་རུ་གྲོགས་རེད།

    དེ་སྔའི་དབེན་འཇམ་གྱི་ཡུལ་ལུང་དེ་མང་ཚོགས་ཀྱི་འགྲན་བསྡུར་མང་དག་ཅིག་གིས་འཁྲུག་ཆ་དོད་པོར་གྱུར་ཡོད། གཞི་རིམ་ལ་གཞི་ཚུགས་ཤིང་མང་ཚོགས་གཙོ་བོར་བྱས་པའི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས་དམངས་ཡོངས་ལུས་སྦྱོང་དང་། ཁྱིམ་ཞེན་རྒྱལ་ཞེན། མི་རིགས་མཐུན་སྒྲིལ་བཅས་མི་སེར་གྱི་ངལ་གསོའི་འཚོ་བའི་ཁྲོད་རིམ་གྱིས་ཐིམ་ཡོད། མི་རིགས་ཁག་གི་མང་ཚོགས་རྣམས་དགོད་སྒྲའི་ཁྲོད་དུ་སེམས་པ་གཅིག་ཏུ་སྒྲིལ་ཞིང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། དྲོ་སྐྱིད་ལྡན་པ། ཚང་མ་ཞུགས་ཆོག་པ་བཅས་ཀྱི་མང་ཚོགས་ཀྱི་བྱེད་སྒོ་དེ་དག་གིས་གཞི་རིམ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཏེ་གྲོང་གསེབ་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ཡོད།

    འགོ་འཛུགས་ས་གསར་པ་ནས་རི་བོ་ཆེ་རྫོང་གིས་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བ་དང་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་རྒྱས་པར་བྱས་ཏེ་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ནས་རི་བོ་ཆེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཆབ་མདོའི་གསོན་ཤུགས་བརྒྱུད་བསྒྲགས་རྒྱུན་མཐུད་ནས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།