དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་མཱ་ཐེན་ཞང་།

    གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ཟླ་9ཚེས་10ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུས་མཉམ་འབྲེལ་ཐོག་2026ལོའི“དགེ་རྒན་ཡག་ཤོས”ཁྱབ་བསྒྲགས་བྱས་པའི་ནང་བོད་ལྗོངས་མི་རིགས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་མཱ་ཐེན་ཞང་ཚུད་ཡོད་ཅིང་། གནས་ཚུལ་དེ་སློབ་གྲྭར་ཁྱབ་པ་དང་ཁོང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་བསམ་ཡུལ་ལས་འདས་པ་ཞིག་གཏན་ནས་མ་ཡིན། ལས་རོགས་ཚོས་གཟབ་ནན་ཆེ་ལ་ལས་ལ་བརྩོན་པའི“ཞའོ་མཱ”ཞེས་དང་སློབ་མ་ཚོས་ཡིད་ཆེས་རུང་ལ་བློས་འགེལ་ཆོག་པའི“ལའོ་མཱ”ཞེས་བརྗོད་པའི་ན་གཞོན་དགེ་རྒན་དེས་བོད་ཀྱི་མཐོ་རིམ་སློབ་གསོའི་འཐབ་ས་དང་པོར་ལོ་12བརྟན་སྲུང་བྱས།

    2014ལོའི་དཔྱིད་ཀར་འབུམ་རམས་པའི་སློབ་གནས་ཐོབ་ལ་ཉེ་བའི་མཚམས་སུ་མཱ་ཐེན་ཞང་མི་ཚེའི་གདམ་ག་བྱེད་པའི་དུས་སུ་སླེབས། པེ་ཅིང་དགེ་འོས་སློབ་ཆེན་གྱི་ཕུལ་བྱུང་སློབ་ཐོན་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་འཛིན་གྲྭའི་པན་ཀྲང་དང་ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས་ཡིན་པའི་ཁོང་ལ་གདམ་ག་བྱེད་ས་མང་པོ་ཡོད། སྐབས་དེ་དུས་ཟུར་ཁྲིད་པས་ཁོང་བཙལ་ནས་ཁོང་གིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་ནུབ་རྒྱུད་དང་གཞི་རིམ་དུ་བསྐྱོད་དེ་མེས་རྒྱལ་འཛུགས་སྐྲུན་གྱི་འཐབ་ས་དང་པོར“རྟ་མཆོག”ཅིག་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    སློབ་ཐོན་ནི་མི་ཚེའི་གདམ་ག་གལ་ཆེན་ཞིག་ཡིན་པས“གདན་ཞུ”དེར་མཱ་ཐེན་ཞང་གིས་འཕྲལ་མར་ལན་བཏབ་མེད། ཁོང་ཉལ་ཁང་དུ་ལོག་ནས་ཡུན་རིང་ཤིན་ཅང་དུ་གཞིས་ཆགས་པ་དང་ལས་ཐོག་ཏུ་འབུམ་རམས་པའི་སློབ་གནས་སློབ་སྦྱོང་བྱེད་བཞིན་པའི་སློབ་གྲོགས་རྒན་པ་ཞིག་དང་ཅི་འཕྲོས་མོལ་འཕྲོས་བྱས། སློབ་གྲོགས་ཁོང་གི་སྐད་ཆ་ཚིག་གཅིག་གིས་ཁོང་ལ་སེམས་འགུལ་ཐེབས་པ་སྟེ“མཐའ་མཚམས་ཀྱི་དངོས་པོའི་ཆ་རྐྱེན་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་བསྡུར་ཐབས་མེད་མོད། འོན་ཀྱང་ནུབ་རྒྱུད་འཛུགས་སྐྲུན་ནང་ཞུགས་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་རྗེས་སུ་བསྙེགས་ཚེ་རང་ཉིད་ལ་དབང་བའི་བྱ་གཞག་ཅིག་གཏོད་ཐུབ་ངེས་རེད”ཅེས་པ་དེ་རེད།

    “ངས་སྒྲུབ་ཐུབ་ངེས་རེད”ཅེས་པ་སོགས་ཀྱི་སྐོར་ཡུན་རིང་གླེང་རྗེས། དེ་ཉིན་ཕྱི་དྲོར་མཱ་ཐེན་ཞང་གིས་ཟུར་ཁྲིད་པར་འཕྲིན་ཐུང་ཞིག་བསྐུར་བ་དེ་ནི་གདམ་ག་ཞིག་རེད་ལ་དེ་བས་སེམས་ཐག་གཙང་བཅད་ཅིག་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་དུ་ལས་ཀ་བྱས་ནས་ཡུན་རིང་མ་སོང་བར་ཁོང་ལ་སླར་ཡང་ཚོད་བགམ་ཞིག་འཕྲད། སློབ་གྲྭས་མངའ་རིས་ས་ཁུལ་དུ་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་ལ་དགེ་རྒན་མངགས་རྒྱུ་དེ་རེད། གནས་ཚུལ་དེ་ཐོས་རྗེས་མཱ་ཐེན་ཞང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་འགུལ་ངང་མིང་ཐོ་བཀོད། གཉེན་སྒྲིག་བྱས་ནས་ཟླ་བ་གཅིག་ཀྱང་མ་སོང་བར་ཁོང་བཟའ་ཟླ་དང་ཁ་བྲལ་ནས་རུ་མི་ཚོ་དང་མཉམ་དུ་གངས་ལྗོངས་ས་མཐོར་བསྐྱོད།

    ལས་ཞོར་དུ་ཁོང་གིས་ཉེ་རབས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་བརྩོན་ཞིབ་མཐའ་འཁྱོངས་བྱས་ཏེ་མི་ཚེའི་ནང་གི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་པོ་དེ་རེ་ཞུ་བྱས་པ་རེད།

    རྩ་ཆེའི་གྲོང་སྡོད་ཉམས་མྱོང་དེ་མཱ་ཐེན་ཞང་གི་བསམ་པའི་རྒྱུ་ནོར་ཞིག་ཏུ་གྱུར་ཡོད།

    གལ་སྲིད་ནུབ་རྒྱུད་དུ་བསྐྱོད་པ་ནི་ཁོང་གི་མི་ཚེའི་གདམ་ག་གལ་ཆེན་ཞིག་ཡིན་ན། ཚན་རིག་ཞིབ་འཇུག་ལ་བརྩོན་ཞིབ་བྱ་རྒྱུ་ནི་མཱ་ཐེན་ཞང་མཐའ་མཚམས་འཛུགས་སྐྲུན་ནང་ཞུགས་པའི་གདམ་ག་གལ་ཆེན་གཞན་ཞིག་རེད།

    སློབ་གྲྭ་ཐོན་རྗེས་འབུམ་རམས་པ་མང་པོ་ཞིག་ལ་དུས་འགོའི་རིག་གཞུང་གསོག་འཇོག་དང་ལས་གནས་གསར་པའི་དགོས་མཁོའི་དབར་གྱི་གནད་དོན་སྐོར་རྟག་ཏུ་འཕྲད་ཀྱི་ཡོད། མཱ་ཐེན་ཞང་ཡང་དེ་བཞིན་རེད། མངའ་རིས་ས་ཁུལ་གྱི་གྲོང་སྡོད་ཉམས་མྱོང་ལས་མཱ་ཐེན་ཞང་ལ་སེམས་འགུལ་ཟབ་མོ་ཐེབས་ཡོད་དེ། བོད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་རིགས་པའི་གཞུང་ལུགས་ལ་བརྟེན་དགོས་པ་མ་ཟད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་འདེགས་སྐྱོར་དེ་བས་ཀྱང་དགོས་པ་དེ་ཡིན།

    དེ་བས་མཱ་ཐེན་ཞང་གིས་དེ་སྔའི་ཞིབ་འཇུག་ཁྱབ་ཁོངས་དོར་ནས་ཚན་ཞིབ་ལམ་བུའི“ལས་གཏོད་ཐེངས་གཉིས་པ”བྱེད་འགོ་ཚུགས་ཏེ་བོད་ཀྱི་ས་གནས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་བྱེད་པའི་ལས་ལ་གཞོལ།

    ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་རིམ་རྩིས་བརྒྱབ་ན་ཡིག་འབྲུ་ཁྲི་བརྒྱ་ཙམ་གྱི་ཚད་ལྡན་ཡིག་ཆའི་ལོ་རྒྱུས་དཔྱད་གཞི་ལེགས་སྒྲིག་བྱས་ཤིང་། ཞིབ་འཇུག་གི་ཁ་ཕྱོགས་དེ་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ས་གནས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ནས་བོད་ཀྱི་ས་ཁྲ་དང་། ཡིག་ཚགས། ཟིན་ཐོ་ཙག་ཙིག་སོགས་ཁྱབ་ཁོངས་སུ་རྒྱ་བསྐྱེད་ཡོད། ལོ་12རིང་ཁོང་གིས་རྒྱལ་ཁབ་དང་དེ་བཞིན་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་མང་པོ་ཞིག་གཙོ་སྐྱོང་བྱས་པ་མ་ཟད། དཔྱད་རྩོམ་40ལྷག་ཙམ་སྤེལ་ཏེ་ཞིབ་ཅིང་ཕྲ་བའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་དཔང་རྟགས་ཁུངས་བཙན་ལ་བརྟེན་ནས“བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི”ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད་ནུས་ལྡན་བྱས་ཡོད།

    བོད་ལྗོངས་མི་རིགས་སློབ་ཆེན་དུ་མཱ་ཐེན་ཞང་ནི་འགོ་ཁྲིད་དང་ལས་རོགས་ཚོའི་མིག་ནང་གི་གཟབ་ནན་ལས་བརྩོན་གྱི“ཞའོ་མཱ”དང་སློབ་མ་ཚོས་ཡིད་ཆེས་བློས་འགེལ་ཆོག་པའི“ལའོ་མཱ”རེད།

    དཔྱད་གཞི་གསོག་པ་དང་། ཚོད་སྐོར་བྱེད་པ། ཁས་ལེན་དཔང་འདོན་བྱེད་པ། ཛ་དྲག་གི་ལས་ཀའི་འགན་འཁུར་བ་བཅས་ལོ་12རིང་རིག་ཚན་འཛུགས་སྐྱོང་དང་སློབ་གླིང་ལ་ཞབས་འདེགས་ཞུ་བའི་དོན་དག་ཆེ་ཆུང་ཚང་མའི་ཁྲོད་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད། 2015ལོར་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ཚོད་སྐོར་ལས་དོན་ལ་ཞུགས་རྗེས་རང་འཁྲིའི་ལས་འགན་མིན་པའི་ལས་དོན་མང་པོ་ཞིག་ཁོང་གིས་རང་ཉིད་ཀྱི་ཕྲག་ཏུ་བླངས་ཡོད།

    རང་འགུལ་ངང་ལས་འགན་ཕྲག་ཏུ་འཁུར་བ་དེ་ལས་ཏང་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་མངོན་ཡོད། དུས་ཡུན་རིང་པོ་སོང་རྗེས་ལས་རོགས་ཚོར་ཡང་དཀའ་ཚེགས་ཆེ་བའི་ལས་ཀ་གང་ཞིག་འཕྲད་རུང་རྒན་མཱ་ལགས་ཡོད་ཚེ་བློ་བདེ་པོ་ཡོད་པའི་ངོས་འཛིན་བྱུང་ཡོད།

    ནུབ་རྒྱུད་དུ་སྐྱོད་པའི“རྟ་མཆོག”ནས་ལས་རོགས་ཚོའི་གྲོགས་པོ་བློས་ཐུབ“ཞའོ་མཱ”དང་། དེ་ནས་སློབ་མ་ཚོའི་བློས་འགེལ་ཆོག་པའི“ལའོ་མཱ”བར་གྱི་ལོ་12རིང་ཁོང་གིས་ཁ་བ་བུ་ཡུག་གདོང་གིས་བསུས་ནས་ཕུགས་འདུན་དོན་གཉེར་བྱེད་ཆེད། སྤྱིར་བཏང་གི་ལས་གནས་ལ་གཞི་ཚུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལག་ལེན་བསྟར་བ་དང་དྲོ་སྐྱིད་དང་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་ཁག་གི་ཕུལ་བྱུང་སློབ་མ་རབ་དང་རིམ་པ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།