བྱ་ལུང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའི་གྲོང་སྡོད་ལས་དོན་རུ་ཁག་གིས“བྱེད་མཁན་གསུམ”ཡག་པོ་བྱས་ནས་བྱ་བ་དངོས་ཡག་པོ་བསྒྲུབས་པ།
ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་བྱ་ལུང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་གིས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་སྤེལ་རིང་། འགལ་ཟླ་འདུམ་སྒྲིག་བྱེད་མཁན་དང་། བདེ་འཇགས་སྲུང་སྐྱོང་བྱེད་མཁན། མང་ཚོགས་ལ་ཞབས་འདེགས་ཞུ་མཁན་བཅས་རང་འགུལ་ངང་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ལན་རྒྱག་པ་དང་། འགལ་ཟླ་གཞི་རིམ་དུ་སེལ་བ། མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་དུས་ནས་སེལ་བ་བཅས་ལ་བརྟེན་ནས་བྱ་བ་དངོས་བསྒྲུབས་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།
“འགལ་ཟླ་འདུམ་སྒྲིག་བྱེད་མཁན”ཡག་པོ་ཞིག་བྱས་ནས་གྲོང་པ་ཁྱིམ་མཚེས་དབར་གྱི་འགལ་ཟླ་བསལ་ཞིང་། གྲོང་ཚོའི་ནང་དུ་འགལ་ཟླ་དང་རྩོད་གཞི་ཐོན་སྐབས་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“གཞུང་དྲང་དྲང་བདེན་དང་། མི་ཆོས་དང་གནས་ལུགས་གཉིས་ཀ་ནས་བསམ་བློ་གཏོང་བ། མགྱོགས་མྱུར་དང་དམངས་ལ་སྟབས་བདེ་སྐྲུན་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སེམས་ནུས་དང་། བརྩེ་སེམས། བྱ་ཐབས་བཅས་ལ་བརྟེན་ནས་འདུམ་སྒྲིག་བྱས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་ཞུགས། སྔ་ཙམ་ནས་ཐག་གཅོད་བཅས་ཐུབ་པ་བྱས་པས། དོན་ཆུང་ཚོགས་ཆུང་ནས་ཐག་གཅོད་དང་། དོན་ཆེན་གྲོང་ཚོ་ནས་ཐག་གཅོད། འགལ་ཟླ་གོང་ལ་ཞུ་མི་དགོས་པ་བཅས་བྱུང་ཡོད་པ་རེད། མིག་སྔའི་བར་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྱོན་15འདུམ་སྒྲིག་བྱས་པ་རེད།
“བདེ་འཇགས་སྲུང་སྐྱོང་བྱེད་མཁན”ཡག་པོ་ཞིག་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་དུ་བཅོས་སྒྲིག་བྱས་ཤིང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རིང་། ལས་དོན་རུ་ཁག་གིས་གྲོང་མིའི་ཁྱིམ་གྱི་བར་ཁྱམས་སུ་ཅ་དངོས་སྤུངས་ཡོད་མེད་དང་། གློག་སྐུད་རང་དགར་འཐེན་ནས་གློག་གསོག་གི་ཡོད་མེད། སོལ་རླངས་སྤྱོད་སྟངས་ཚད་ལྡན་ཡིན་མིན། གློག་སྐུད་རྙིང་པ་ཆགས་ཡོད་མེད་སོགས་གྲལ་བཤེར་བྱ་ཡུལ་གྱི་གཙོ་གནད་དུ་བཟུང་སྟེ་ལེབ་བཤེར་རྣམ་པའི་གྲལ་བཤེར་གྱིས་ཁུག་ཆ་གཅིག་ཀྱང་མ་ལུས་པ་བྱས་པ་རེད། གྲོང་ཚོར་བཅའ་སྡོད་བྱས་ཚུན། དུད་ཚང་དུ་བསྐྱོད་དེ་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་30ལྷག་ཙམ་གྲལ་བཤེར་བྱས་པ་དང་ས་གནས་ས་ཐོག་ནས་མངོན་མེད་རྐྱེན་ངན་75དག་ཐེར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
“མང་ཚོགས་ཀྱི་ཞབས་འདེགས་ཞུ་མཁན”ཡག་པོ་ཞིག་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་ཞུར་དམིགས་ནས་ལས་དོན་རུ་ཁག་གིས་ས་གནས་ས་ཐོག་ནས་ཐག་གཅོད་ཐུབ་པའི་གནད་དོན་ཡིན་ཚེ་ས་གནས་ས་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡིན་ཚེ་ཐོ་ཞིབ་ཕྲ་བརྒྱབ་ནས་ཐག་གཅོད་བྱེད་མིན་ལ་ལྟ་གི་ཡོད། སྲིད་ཇུས་ཀྱི་བླང་བྱ་དང་མི་མཐུན་པའི་གནད་དོན་ཡིན་ཚེ་མང་ཚོགས་ལ་དོགས་གནད་སེལ་བའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་སྨན་བཅོས་དང་། སློབ་ཞུགས། དེ་བཞིན་དྲོད་ཁང་ཆེ་མོ་ཉམས་བཟོ་སོགས་དམངས་འཚོའི་འབྲེལ་ཡོད་དོན་ཚན་40ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་པ་དང་། དུད་ཚང་20ལྷག་ཙམ་གྱི་གྲོང་མིར་ཕྱུགས་རིགས་ནད་ཕོག་ནས་ཤི་བའི་འགན་བཅོལ་གྱི་སྐྱིན་གསབ་སྒོར་ཁྲི་10ལྷག་ཙམ་ལེན་རོགས་བྱས་པ་མ་ཟད་རོ་སྦེད་རོགས་ཀྱང་བྱས་པ། འབྲེལ་ཡོད་ཁེ་ལས་དང་མཐུན་སྦྱོར་བྱས་ནས་སྒོར་ཁྲི་5ལྷག་ཙམ་རི་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་བརྒྱབ་པ། ལོ་ན་བགྲེས་པའི་རྒན་རྒོན་དང་། ཁེར་སྡོད་རྒན་རྒོན། ཕྱིར་སྐྱོད་པར་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་བ་དང་། ལག་ཁྱེར་གསབ་གཉེར། དཔང་ཡིག་འབྲི་བ། ཁ་གསབ་རེ་ཞུ་སོགས་གཉེར་རོགས་ཀྱི་ཞབས་ཞུ་ཐེངས་30ལྷག་ཙམ་བསྒྲུབས་པ་སོགས་རེད།
འབྲེལ་ཡོད་གསར་འགྱུར།