“ཉིང་ཁྲིའི་གསོལ་སྟོན། ཡར་གཙང་རྒྱུད་ཀྱི་དམངས་སྲོལ་གཡོས་སྦྱོར་འགྲན་བསྡུར”འགོ་ཚུགས་པ།

ཟླ་10ཚེས་4ཉིན། “ཉིང་ཁྲིའི་གསོལ་སྟོན། ཡར་གཙང་རྒྱུད་ཀྱི་དམངས་སྲོལ་གཡོས་སྦྱོར་འགྲན་བསྡུར”ཀོང་པོ་རྒྱ་མདའི་འགྲན་ཁུལ་གྱི་འགྲན་བསྡུར་རྫོང་དེའི་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱི་གངས་མི་གཞིས་ཀར་འགོ་ཚུགས་པ་རེད། འགྲན་བསྡུར་ནང་ཀོང་པོའི་དམངས་སྲོལ་དང་། ས་མཐོའི་བཟའ་བཅའ། གྲོང་གསེབ་ཀྱི་མ་བྱན་ལག་རྩལ་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཏེ་ཉིང་ཁྲིའི་རིག་གནས་ཡུལ་སྐོར་དང་ཞིམ་ཟས་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོར་ཉིན་10ཡི་རིང་ས་ཚིགས་5བཙུགས་ནས་སྐོར་སྐྱོད་འགྲན་བསྡུར་བྱ་རྒྱུ་དང་། བྲག་གསུམ་མཚོ་དང་། ཀླུ་ནང་གྲོང་རྡལ་ཆུང་ངུ་། ཀ་གནམ་མཚོ་སོགས་བོད་ཀྱི་ལྷོ་རྒྱུད་ཀྱི་ཁམ་སྡོང་ལུང་གཞུང་དུ་རིམ་བཞིན་བསྐྱོད་དེ་ཟླ་10ཚེས་13ཉིན་ཉིང་ཁྲི་གྲོང་ཁུལ་གྱི་ཀོང་པོའི་སྤྱི་གླིང་དུ་མཐའ་བསྡུར་བྱ་རྒྱུ་ཡིན་ཞིང་། འདི་ནི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་ཁྱད་ལྡན་ཤ་ཚལ་གཡོས་སྦྱོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།