དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས།

    བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་བའི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    འདི་ནི་གསོ་སྦྱོང་བྱ་ཡུལ་དུ་དགེ་རྒན་གྱིས་མི་སྣ་སྐྱོབ་སྟངས་སློབ་བཞིན་པ། (མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་པར་རིས་མཁོ་འདོན་བྱས་པ)

    ཉེ་ཆར། མངའ་རིས་ས་ཁུལ་གྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བོད་ལྗོངས་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ(མངའ་རིས་ཡུག་ཁུལ)གྱི་ཆེད་ལས་བདག་སྐྱོང་བའི་ལས་སྒོའི་རྩལ་ནུས་གསོ་སྦྱོང་སྒར་རྫོང་དུ་གཉེར་འགོ་ཚུགས་ཤིང་། སྒར་རྫོང་དང་། སྒེར་རྩེ་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་བཅས་ཀྱི་གཞི་རིམ་གྱི་འཐབ་ས་དང་པོའི་ཆེད་ལས་བདག་སྐྱོང་བ་གཅིག་སྡུད་ཐོག་གསོ་སྦྱོང་ནང་ཞུགས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་གིས་ས་མཐོའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ། མི་མེད་གནམ་གྲུའི་རིག་ལྡན་སྐོར་སྲུང་། འདམ་ར་དང་རྩྭ་ཐང་བདག་སྐྱོང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ཁུངས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་སྒོ་གཙོ་བོར་དམིགས་ནས་སློབ་ཁྲིད་ནང་དོན་བཀོད་སྒྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་གསོ་སྦྱོང་བྱ་ཡུལ་ནི་འཐབ་ས་དང་པོའི་བསླབ་རྒན་བདག་སྐྱོང་པ་དང་ཉེ་འཁོར་གྱི་མང་ཚོཌ་ཡིན་ཞིང་། མི་ཚང་མར་ཁྱབ་པ་དང་། ཆེད་ལས་སློབ་སྟོན། དངོས་འཐབ་ཕྱོགས་སྟོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཁག་ཐེངས་ཕྱེ་སྟེ་མི་ཐེངས་490ལ་གསོ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།