དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངོན་མེད་རྐྱེན་ངན་བསལ་ནས་མེ་ཟོན་གྱི་བདེ་འཇགས་བརྟན་པོར་སྲུང་བ།

    ལྷ་ས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་མེ་ཟོན་བདེ་འཇགས་དྲིལ་བསྒྲཌ་ཀྱི་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    གཙོ་གནད་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ནན་པོ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་མེ་ཟོན་འགན་འཁྲི་ནན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པས”མི་ཚོགས་མང་བའི་ཁུལ་གྱི་མེ་འབྲེལ་ལས་སྒྲུབ་དང་། ཨར་སྐྲུན་གྱི་དྲོད་སྲུང་རྒྱུ་ཆའི་མངོན་མེད་རྐྱེན་ངན། གློག་སྒུལ་སྦག་སྦག་དོ་དམ་ཚོད་འཛིན་བཅས་གཙོ་གནད་ལས་དོན་ཆེན་པོ་གསུམ་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་མེ་ཟོན་དྲིལ་བསྒྲགས་ཀྱི“གཤམ་སྤེལ་དྲུག”གི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་ཆེད་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ་གངས་ལྗོངས་མེ་ཟོན་གྱི་འགོག་སྲུང་དྲ་བ་བརྟན་དུ་བཏང་ཡོད།

    འཆད་ཁྲིད་དགེ་རྒན་ཚོགས་པས་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ཚོང་ར་དང་། ཁྲོམ་ར། དམངས་སྲོལ་གནས་ཚང་། གསོལ་མགྲོན་ཁང་། སྡེ་ཁུལ། ཁེ་ལས། བཟོ་ཁང་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། ཆེད་དོན་གསོ་སྦྱོང་དང་བདེ་འཇགས་འཆད་ཁྲིད་ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་གི་འགན་འཁུར་བ་དང་། འཐབ་ས་དང་པོའི་ལས་སྒྲུབ་མི་སྣ། སྡེ་ཁུལ་གྱི་གྲོང་མི་བཅས་ལ་ཕྱོགས་ཏེ་སྒྲིག་འགལ་གྱི་མེ་འབྲེལ་ལས་སྒྲུབ་ཀྱི་ཉེན་ཁ་དང་། ཨར་སྐྲུན་གྱི་དྲོད་སྲུང་རྒྱུ་ཆའི་མེ་འགོག་ཚད་གཞི། སྒྲིག་འགལ་ངང་གློག་སྒུལ་སྦག་སྦག་ལ་གློག་གསོག་པའི་གནོད་འཚེ་བཅས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། མངོན་མེད་རྐྱེན་ངན་རང་བཤེར་དང་དག་ཐེར་ཡོ་བསྲང་བྱེད་སྟངས་ཁྱབ་གདལ་བཏང་སྟེ་འབྲེལ་ཡོད་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་པའི་ཚད་གཞིའང་ཁ་གསལ་བཟོས་ཡོད།

    བྱེད་སྒོ་སྤེལ་རིང་། འཆད་ཁྲིད་དགེ་རྒན་ཚོགས་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་དང་ལས་དོན་པར་མེ་ཟོན་དྲིལ་བསྒྲགས་ཀྱི་ལག་དེབ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་ཤོག་བྱང་སྤྲད་དེ་མེ་ཟོན་དང་། སྲོག་ཉེན་ལས་ཐར་ཐབས། རང་སྐྱོབ་བྱེད་སྟངས་བཅས་ཀྱི་རྨང་གཞིའི་ཤེས་བྱ་དམར་ཁྲིད་བྱས་ཡོད། ད་ཐེངས་ཀྱི་བྱ་སྤྱོད་ལ་ཚན་རིག་ཁྱབ་གདལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་ཆབས་ཅིག གཉེར་སྐྱོང་བྱེད་པོ་ཁག་གིས་མེ་འབྲེལ་ལས་སྒྲུབ་ཀྱི་ཞིབ་མཆན་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། འབར་སླ་བའི་དྲོད་སྲུང་རྒྱུ་ཆ་སྒྲིག་འགལ་ངང་སྤྱོད་པའི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ་གློག་སྒུལ་སྦག་སྦག་ཁང་པའི་ནང་འཇོག་པ་དང་། གློག་སྐུད་གང་བྱུང་དུ་ཁྲིད་ནས་གློག་གསོག་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་གིས་དྲིལ་བསྒྲགས་སློབ་གསོ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གཉིས་ཀ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།