རིག་གནས་བསམ་བཀོད་ཀྱི་ལག་ཤེས་ཐོན་རྫས་ཀྱིས་རྒན་རྒོན་གྱི་ཚེ་མཇུག་ལ་སྤྲོ་སྣང་སྦྱིན།

འདི་ནི་རྒན་རྒོན་རྣམས་འོས་འཚོང་བྱེད་སྒོར་ཞུགས་བཞིན་པ།

འདི་ནི་ཁེ་སྤོགས་བྱུང་བའི་རྒན་རྒོན་ཡིན་པ།

འདི་ནི་རྒན་རྒོན་ཚོས་ལག་ཤེས་ཐོན་རྫས་བཟོ་བཞིན་པ།
ཉེ་ཆར། སྣེའུ་ཁུལ་གསར་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རིག་གནས་བསམ་བཀོད་ཀྱི་ལག་ཤེས་ཐོན་རྫས་འོས་འཚོང་གི་ཁེ་སྤོགས་བགོ་བའི་བྱེད་སྒོ་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོས་ས་གནས་ས་ཐོག་ཏུ་ངལ་རྩོལ་ཁེ་སྤོགས་བླངས་ནས་རྒས་དུས་སྤྲོ་སྣང་ལྡན་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་ཐོབ་བྱ་ཡོད་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་དངོས་སུ་རོལ་བ་རེད།
དེ་གོང་ལྟེ་གནས་དེས་རིག་གནས་བསམ་བཀོད་ཀྱི་ལག་ཤེས་ཐོན་རྫས་སྤྱི་ཕན་འོས་འཚོང་ནང་ཞུགས་པར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་1620བྱུང་ཡོད། ད་ཐེངས་ཀྱི་ཁེ་སྤོགས་བགོ་བའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་གཞུང་དྲང་ཡིན་པ་དང་། བྱུང་བའི་ཡོང་འབབ་ཚང་མ་དེའི་ནང་ཞུགས་མཁན་རྒན་རྒོན་ལ་བགོས་ཏེ་རྒན་རྒོན་ཚོར་ངལ་རྩོལ་གྱི་རིན་ཐང་དང་དྲོ་སྐྱིད་ལྡན་པའི་གྲུབ་འབྲས་མཉམ་སྤྱོད་ཏན་ཏིག་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།