དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལུས་རྩལ་གྱི་སྙིང་སྟོབས་དར། བདེ་ཐང་གི་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“ལུས་རྩལ་རྒྱན་ཤོག་བུམ་པའི”གཞོན་ནུ་ལོ་ཆུང་གི་ལན་ཆིའུ་སྤོ་ལོའི་སྤེལ་རེས་འགྲན་བསྡུར་ལྷ་ས་སློབ་གསོ་ཐོན་ལས་གླིང་གི་ཏུང་ལེ་ལན་ཆིའུ་སྤོ་ལོ་ཁང་དུ་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་། U8དང་། U10 U12བཅས་ཚོགས་ཆུང་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། གཞོན་ནུ་ལོ་ཆུང་སྤོ་ལོ་བ་78དང་རུ་ཁག་14འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འགྲན་བསྡུར་དེ་ཀྲུང་གོའི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ལན་ཆིའུ་སྤོ་ལོ་ཆུང་ཆུང་གི་སྒྲིག་སྲོལ་ལྟར་ལོ་ན་མི་འདྲ་བར་གཞིགས་ནས་འགྲན་བསྡུར་བྱ་ཡུལ་དང་འགྲན་བསྡུར་ལམ་ལུགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་སྤོ་ལོ་བ་ཆུང་ཆུང་ཚོས་ཚན་རིག་དང་མཐུན་པའི་ངང་རྩལ་འགྲན་པ་དང་འཇོན་ཐང་གང་ལེགས་ངོམ་ཐུབ་པའི་འགན་ལེན་བྱས་པ་རེད།

    འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།