དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནན་ཅིང་གིས་མལ་གྲོ་གུང་དཀར་ལ་རོགས་སྐྱོར་བྱས་པའི་ཆེད་ལས་རྒན་གསོའི་སྒྲིག་བཀོད་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། ནན་ཅིང་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི་རིང”ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གཙོ་གནད་རྣམ་གྲངས་ཏེ། གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་སྒྱུར་བཀོད་རིམ་སྤོར་དང་གསར་སྐྲུན་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་རེད། ནན་ཅིང་གི་བོད་སྐྱོར་གྱིས་དམངས་འཚོ་འགན་ལེན་ལ་དམིགས་པ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་རྣམ་གྲངས་དེས་རྫོང་ཁོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཆེད་ལས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་སྟོང་ཆ་བསྐང་རྒྱུ་རེད།

    གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་སྒྱུར་བཀོད་རིམ་སྤོར་དང་གསར་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་960.9བཏང་བ་དེ་དག་ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོ་དང་། རྨམ་པ་ཤང་རི་མདོ་སྒང་གྲོང་ཚོ། རུ་ཐོག་ཤང་ལྷ་ལུང་གྲོང་ཚོ་བཅས་སྲིད་འཛིན་གྲོང་ཚོ་3ལ་ཁྱབ་ཡོད་པ་དང་། སྒྱུར་བཀོད་རིམ་སྤོར་གྱི་རྒྱ་ཁྱོན་སྨི་ངོས་གྲུ་2760ཟིན་གྱི་ཡོད། དེ་དང་ཆབས་ཅིག་ཉི་མ་ལྕང་རྭ་ཤང་ཕྱི་མ་ཁ་གྲོང་ཚོར་སྨི་ངོས་གྲུ་1129ཟིན་པའི་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་གསར་དུ་བསྐྲུན་རྒྱུ་ཡིན་པ་དེ་ད་ལོར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།