དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སློབ་གྲྭར་གྲངས་འཛིན་ཁྱབ་གདལ་བཏང་བས་ཚན་རྩལ་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-27

    འདི་ནི་འགྲན་ཞུགས་སློབ་མས་རིག་ནུས་འཕྲུལ་མིར་ཚོད་ལྟའི་སྙོམས་སྒྲིག་བྱེད་བཞིན་པ།

    སློབ་གྲྭར་གྲངས་འཛིན་ཁྱབ་གདལ་བཏང་བས་ཚན་རྩལ་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་སློབ་གྲྭ་འབྲིང་ཆུང་གི་གྲངས་འཛིན་བྱང་ཚད་སྤེལ་རེས་འགྲེམས་སྟོན་བྱེད་སྒོ་སྐབས་གསུམ་པ་དང“སོག་ཤོད་ན་གཞོན། གྲངས་འཛིན་གསར་རྩོམ”གྱི་ཐོག་མའི་འགྲན་བསྡུར་བྱས་པ་རེད། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་90ཡིས་གྲངས་འཛིན་སྒྱུ་རྩལ་དང་། རྩིས་རྒྱག་བསམ་གཞིག ཚན་རྩལ་གསར་གཏོད་ལག་ལེན་བཅས་རིགས་ཆེན་པོ་གསུམ་ལ་དམིགས་ནས་ལས་སྟེགས་གཅིག་ཏུ་སྤེལ་རེས་འགྲེམས་སྟོན་བྱས་པ་དང་སློབ་མ་52ལ་བྱ་དགའ་ཐོབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།