དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་9156བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་90%ཡན་གྱིས་ཡུལ་བབ་དང་བསྟུན་ནས་དམངས་ཕན་འཚོ་བའི་འཁོར་རྒྱ་བསྐྲུན་པ་དང་ས་ཁོངས་ཧྲིལ་པོར་སྔོན་སྤེལ་ཁུལ་གྱི་ཚོད་ལྟར་སྐུལ་འདེད་བརྟན་པོ་བཏང་བས། ཁྱབ་གདལ་གཏོང་ཆོག་པའི་དཔེ་མཚོན་ཉམས་མྱོང་ཁག་གཅིག་གྲུབ་ནས་རྒྱལ་ཡོངས་སུ་དམངས་ཕན་འཚོ་བའི་འཁོར་རྒྱ་9156བསྐྲུན་ཡོད་པ་རེད།

    གྲོང་ཁྱེར་གྱི་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཧུའུ་པེ་ཅིང་ཀྲོའུ་རུ་འཚོགས་པ་རེད།

    གྲོང་ཁྱེར་གྱི་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་8ཀྱིས་ཁག་གསུམ་པའི་གྲོང་ཁྱེར་30ཡི་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱའི་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བའི་སྔོན་སྤེལ་ཁུལ་གྱི་ཚོད་ལྟའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དུས་ཡུན་ལོ་2ཙམ་སྤྱད་དེ་དམངས་ཕན་འཚོ་བའི་འཁོར་རྒྱ་དེ་ཚོད་ལྟའི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་ཆ་རྐྱེན་ཡོད་པའི་རྫོང་གྲོང་དང་སྡེ་ཁུལ་ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་ཞིང་། ཉེ་ཆར་ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁག་དང་པོའི“དབུ་དཀར་ཁྲོམ་གཞུང”དང“བྱིས་པའི་དགའ་ཚལ”གྱི་ལག་བསྟར་ཚད་གཞིའི་རྣམ་གྲངས་ཁྱབ་བསྒྲགས་བྱས་ནས“རྒན་གཅིག་གཞོན་གཅིག”ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།