སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་རམ་འདེགས་བྱེད་པ།

འདི་ནི་ཟླ་5ཚེས་1ཉིན། ལི་པེ་རི་ཡའི་ལུས་རྩལ་འཐུས་མི་ཚོགས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི(གོས་དཀར)དང་ཀོང་ཤིས་ཆིང་ལུང་ཝུའེ་ཏན་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མིས་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་ཨེ་ཅིབ་ཀྱི་ཕྱི་སྦྱོང་སློབ་མ་ཡཱ་སེ་ཡིས་2025ལོའི་ཀྲུང་གོའི་ཆུ་བེད་རིག་གཞུང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བཞིན་པ།(ནན་ཅིང་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་གིས་པར་མཁོ་འདོན་བྱས)

འདི་ནི་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་རྫས་འགྱུར་དང་རྫས་འགྱུར་བཟོ་ལས་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཐན་པི་ཨེན་གྱིས་སུའུ་ཏན་གྱི་ཕྱི་སྦྱོང་སློབ་མ་ཡན་ཡ་མིང(གཡས)ལ་སྒྲིག་ཆས་སྤྱོད་སྟངས་སློབ་བཞིན་པ།

འདི་ནི་ཀག་ནའི་ཕྱི་སྦྱོང་སློབ་མ་ཨོའུ་ཁའེ་ཝུན་གྱིས་ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་ཚོད་ལྟ་ཁང་དུ་རྫས་འགྱུར་གྱི་ཚོད་ལྟ་བྱེད་བཞིན་པ། (བཅར་འདྲི་བྱ་ཡུལ་གྱིས་པར་མཁོ་འདོན་བྱས)

འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཧྲོང་ལུང་ཚོད་ལྟ་ཁང་གི་སྔོ་ཚལ་དང་ཞིང་ལས་ལག་རྩལ་དང་ཞིང་འཕྲུལ་མཉམ་འདྲེས་དཔེ་སྟོན་ཚོད་ལྟའི་རྟེན་གཞིར་ཅིན་ཧྭ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཚན་ཞིབ་པས་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མར་ཞིང་ལས་ཚན་རྩལ་སློབ་ཁྲིད་བྱེད་བཞིན་པ།

འདི་ནི་ཀྲུང་གོ་ཚ་ཁུལ་ཞིང་ལས་ཚན་རིག་ཁང་སན་ཡཱ་ཞིབ་འཇུག་ཁང་དུ་ནི་ཀྲེ་རི་ཡའི་ཕྱི་སྦྱོང་སློབ་མ་ཀེ་ལུའེ་ཀེ་ལི་(གཡོན)ཡིས་རིམ་པ་གཉིས་པའི་ཞིབ་འཇུག་པ་ཁྲེན་ཆིང་གི་མཛུབ་ཁྲིད་འོག་གནོད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་འཇུག་ཚོད་ལྟ་བྱེད་བཞིན་པ།
ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡང་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་དགོས། གཞོན་ནུ་ནི་ཤེས་དཔལ་སྤེལ་རེས་ཀྱི་ཕོ་ཉ་དང་མཛའ་གྲོགས་རྒྱུན་འཛིན་བྱེད་པའི་འབྲེལ་ཐག་ཡིན། ཨ་ཧྥེ་རི་ཁའི་གཞོན་ནུ་མང་པོ་ཞིག་ཀྲུང་གོར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་ཡོང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་སྔོན་ཐོན་ལག་རྩལ་གྱི་གྲུབ་འབྲས་སྦྱངས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་བ་མ་ཟད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་རམ་འདེགས་ཀྱང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།