མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་བསྒྲིགས་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་ལྔ་པར་ཞུགས་པ།
མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་བསྒྲིགས་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་ལྔ་པར་ཞུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་ལྔ་པ་ཟླ་9ཚེས་23ཉིན་ནས་ཚེས་27ཉིན་བར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཉེར་རྒྱུ་དང་མཚོ་སྔོན་ཞིང་ཆེན་གྱིས་འཐུས་མི་ཚོགས་པ་བཙུགས་ནས་འགྲེམས་ཚོགས་ལ་ཞུགས་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཁེ་ལས་31སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་པ་དང་སྨི་ངོས་གྲུ་114ཟིན་པའི“དར་གོས་ལམ་བུའི་དྲ་ཐོག་ཚོང་ཁང”གི་མཚོ་སྔོན་གྱི་ཆེད་བཟོས་འགྲེམས་ཁུལ་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་། གྲངས་འཛིན་ཚོང་དོན། དྲ་ཐོག་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་གཙོ་གནད་ཐོག་འགྲེམས་སྟོན་དང་། ཚགས་ཤ་དང་། ཉ་སན་ཝུན། འདྲེ་ཚེར་མ། ལི་གྲོ ནས། དཀར་ཆུའི་ཐོན་རྫས། སྦྲང་རྩིའི་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཁ་བརྒྱ་ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས། མཚོ་སྔོན་གྱིས་ཐོན་ལས་ཀྱི“ཁུལ་བཞི”འཛུགས་གཏོད་བྱེད་པར་གཞི་ཚུགས་ཏེ། གྲངས་འཛིན་ཚོང་དོན་དང་དྲ་ཐོག་ཚོང་དོན་ཐོན་ལས་འཕེལ་རྒྱས་བཏང་བའི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།
ད་ཐེངས་ཚོགས་པ་སྒྲིག་འཛུགས་བྱས་ནས་གྲངས་འཛིན་འགྲེམས་ཚོགས་ལ་ཞུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང“མཚོ་སྔོན་གྱི་དངོས་ཟོག་ཡག་པོའི”སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་དྲ་ཐོག་ཁྲོམ་ར་རྒྱ་ཆེར་གཏོང་བ། དྲ་ཐོག་ཚོང་དོན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།