དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《སྨན་རྫས་བཟོ་ལས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་པ།

    ​2030ལོར་སླེབས་སྐབས་གསར་གཏོད་སྨན་གསར་གྱིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་25%ལས་མི་ཉུང་བ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-25

    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་གྱིས་མཉམ་དུ《སྨན་རྫས་བཟོ་ལས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་ནས་སྔོན་དཔག་རང་བཞིན་གྱི་དམིགས་ཚད་ཁག་10བཏོན་པའི་ནང་། 2030ལོར་སླེབས་སྐབས་གཞི་ཁྱོན་ཡན་གྱི་སྨན་རྫས་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.5ལས་མི་ཉུང་བ་བྱ་རྒྱུ་དང་། གསར་གཏོད་སྨན་གསར་གྱིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་25%ལས་མི་ཉུང་བ་བྱ་རྒྱུ། གསར་གཏོད་སྨན་གསར་ཁྲོམ་རར་འདོན་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།

    འཆར་འགོད་ནང་བཏོན་དོན། 2030ལོར་སླེབས་སྐབས། སྐྱེ་དངོས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོར་སླེབས་པ་དང་། གསར་གཏོད་ལ་བརྟེན་ནས་ནུས་ཕྱོད་གང་ལེགས་འདོན་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ལ་བརྒྱུད་རིམ་ལྡན་པའི་ཚད་བརྒལ་ཡོང་བ་བཅས་བྱ་རྒྱུ་དང་། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གྲངས་རིག་གིས་མཐུན་རྐྱེན་སྦྱོར་བའི་གྲུབ་འབྲས་མངོན་གསལ་དོད་དུ་འགྲོ་རྒྱུ་དང་གནད་ལ་སྨིན་པའི་སྨན་རྫས་མ་ལག་གིས་ནད་གཞི་ཚབས་ཆེན་ཕྱོགས་བསྡུས་འགོག་བཅོས་ལ་རམ་འདེགས་ནུས་ལྡན་ཐུབ་རྒྱུ་རེད། གཞན་ཡང་གཞི་རྒྱུ་གཙོ་བོ་དང་སྐྱེ་ཁམས་མཉམ་རོགས་ཀྱི་འཕེལ་ཕྱོགས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།