དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་ཀྲུང་གོའི་རིག་ནུས་རྩིས་ནུས་ཀྱི་གཞི་ཁྱོན་87.9%འཕར་རེ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-25

    ཚེས་21ཉིན། རྒྱལ་སྤྱིའི་གྲངས་གཞི་ཀུང་སི(IDC)དང་ལང་ཁྲའོ་ཆ་འཕྲིན་ཀུང་སིས་མཉམ་དུ《2026ལོའི་ཀྲུང་གོའི་མི་ཐབས་རིག་ནུས་རྩིས་ནུས་འཕེལ་རྒྱས་ཀྱི་ཚོད་སྐོར་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། 2026ལོར་ཀྲུང་གོའི་རིག་ནུས་རྩིས་ནུས་ཀྱི་གཞི་ཁྱོན་2576.5EFLOPSཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་87.9%འཕར་རྒྱུ་དང་། 2030ལོར་སླེབས་སྐབས་10524.3EFLOPSཟིན་རྒྱུ་རེད། 2026ལོར། ཀྲུང་གོའི་མི་ཐབས་རིག་ནུས་རྩིས་ནུས་ཁྲོམ་རའི་གཞི་ཁྱོན་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་515ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་37%འཕར་རྒྱུ་དང་། 2030ལོར་ཨ་སྒོར་དུང་ཕྱུར་1501ཟིན་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།