དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་ཉིན་གཅིག་ལ་འགག་སྒོ་སྒྲོལ་ཚད་མི་ཐེངས་ཁྲི་240ལྷག་ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-25

    ཟླ་9ཚེས་22ཉིན། གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་འཆར་ཉེའི་མཚམས་སུ། རྒྱལ་ཡོངས་ཀྱི་འགག་སྒོ་ནས་འགྲོ་འོང་བྱེད་མཁན་མང་ཤོས་སུ་སླེབས་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཉིན་རེར་ཆ་སྙོམས་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་225ཟིན་རྒྱུ་དང་། རྒྱལ་སྟོན་གུང་གསེང་རིང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་215ཟིན་རྒྱུ་ཡིན་ཞིང་། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མང་ཤོས་ཟླ་9ཚེས་25དང་། ཟླ་9ཚེས་27 ཟླ་10ཚེས་1 ཟླ་10ཚེས་4བཅས་སུ་གཅིག་སྡུད་བྱ་རྒྱུ་དང་། ཉིན་གཅིག་ལ་འགག་སྒོ་སྒྲོལ་ཚད་མང་ཤོས་སྔོན་དཔག་བྱས་ན་མི་ཐེངས་ཁྲི་240ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།