དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་ཧྭ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས》དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-25

    ཚེས་23ཉིན《ཀྲུང་ཧྭ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས》དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་ཧྭ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས》ལ་ཁྱོན་བམ་པོ་11དང་ཡིག་འབྲུ་ཁྲི་420ལྷག་ཙམ་ཡོད་ཅིང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་པ་དང་། “ཐུན་མོང་ལྔའི”ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བར་བརྟེན་ནས་ལོ་རྒྱུས་འབྲི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་ལོ་རྒྱུས་ཀྱི་གཞི་འཛིན་ས་བརྟན་པོ་ཞིག་མཁོ་འདོན་བྱས་པ་དང་། “ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་ནུབ་ཕྱོགས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲོལ་རྙིང་ལས་བསྒྲལ་ཏེ། ཀྲུང་གོའི་རང་བརྟེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། སྐད་ཆའི་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་འཛུགས་པར་རིག་གཞུང་གི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པ། ལོ་རྒྱུས་མེ་ལོང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་གྱི་དགོས་མཁོར་བརྡ་ལན་བསློགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དེབ་དེ་དཔེ་སྐྲུན་བྱས་པའི་གོ་སྐབས་དང་བསྟུན་ཏེ་དྲིལ་བསྒྲགས་འཆད་འགྲེལ་དང་། རིག་གཞུང་ཞིབ་འཇུག གཞན་སྒྱུར་བེད་སྤྱོད་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་གྱི་ཞིབ་འཇུག་འགག་སྒྲོལ་སྔར་བས་བྱེད་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གོའི་རང་བརྟེན་རིག་གཞུང་གི་སྐད་ཆ་ཤོད་སྟངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་ལ་ཆ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།