དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པ་པེ་ཅིང་དུ་མཇུག་འགྲིལ་བ།

    ​ཝང་ཧུའུ་ཉིང་མཇུག་འགྲིལ་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-25

    དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པ་ཚེས་23ཉིན་གྱི་དགོང་མོར་པེ་ཅིང་མི་རིགས་ཟློས་གར་ཁང་དུ་མཇུག་འགྲིལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མཇུག་འགྲིལ་མཛད་སྒོའི་རིག་རྩལ་མཚན་ཚོགས་ལ་ཞུགས་པ་རེད།

    མཚན་ཚོགས་ཧྲིལ་པོའི《ཕུགས་འདུན་མཉམ་དུ་འགྲུབ། གཟི་བརྗིད་མཉམ་སྤྱོད་བྱེད》ཅེས་པའི་བརྗོད་བྱ་གཙོ་བོ་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་དང་ཡར་བརྩོན་གྱི་བརྗིད་ཆེའི་ལེའུ་གཉིས་ལས་གྲུབ་ཅིང་། མཚན་ཚོགས་ངོ་མཚར་ཆེ་ལ་མི་སེམས་འགུལ་བ་ཞིག་ཡོད། ལེ་ཚན་ཁག་ཀྲུང་ཧྭའི་ས་གཞི་གཤིན་པོར་གཞི་ཚུགས་པ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་པ། དུས་རབས་ཀྱི་རྣམ་པ་མཚོན་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་བ་དང་། མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་དགའ་ཞེན་ཚད་མེད་བྱེད་ལུགས་བརྩེ་བ་ཟབ་མོས་མཚོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མི་སེམས་གཅིག་སྒྲིལ་དང་། སེམས་པ་གཅིག་མཐུན། སྤུན་ཉེ་འཆམ་མཐུན། ཕན་ཚུན་ལྟ་སྐྱོང་བཅས་ཀྱི་བརྗིད་ཆེའི་མཛེས་རིས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    སྐབས་འདིའི་རིག་རྩལ་མཉམ་འཁྲབ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། རིག་རྩལ་མཉམ་འཁྲབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ལྡན་པ་དང་། མི་རིགས་ཁག་གི་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན། དེང་རབས་ཤེས་དཔལ་དང་མཉམ་འདྲེས་བཅས་ཀྱི་གར་སྟེགས་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་བཏོན་ཡོད། ཟླ་8ཚེས་18ཉིན་ནས་ཟླ་9ཚེས་23ཉིན་བར། ཕུལ་བྱུང་གི་ཟློས་གར་རྣམ་གྲངས་48པེ་ཅིང་གི་ཟློས་གར་ཁང་14རུ་འཁྲབ་སྟོན་ཐེངས་114བྱས་པས། ཟློས་གར་གྱི་གྲངས་འབོར་སྐབས་རིམ་བྱུང་ལས་མང་བ་བཏོད་པ་དང་། ཟློས་གར་གྱི་རིགས་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཡོད་པ་མ་ཟད། ས་ཁོངས་བརྒལ་ནས་མཉམ་འབྲེལ་ཐོག་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་འཁྲབ་ཚན་ཐོག་མར་བཏོན་ནས་གཞི་རིམ་གྱི་གསར་རྩོམ་ལ་ལྕག་སྐུལ་བྱས་ཡོད། སྐབས་འདིའི་རིག་རྩལ་མཉམ་འཁྲབ་ལ་དྲ་ཐོག་དང་དྲ་ཕྱི་ནས་ལྟད་མོ་ལྟ་མཁན་མི་ཐེངས་ཁྲི་18ཙམ་ཟིན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

    དེ་གོང་། འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས《མཐུན་སྒྲིལ་གྱིས་མཛེས་སྡུག་གཏོད། སེམས་མཐུན་གྱིས་འབྱུང་འགྱུར་ལ་ཕྱོགས》ཞེས་པ་པེ་ཅིང་དུ་འཚོཌ་པ་རེད། མཚན་ཚོགས་དེ་ཁྲག་རྒྱུན་གཅིག་དང་། ཁྱིམ་གཞིས་མཉམ་མཛེས། ཀྲུང་ཧྭ་སེམས་མཐུན་བཅས་ཀྱི་ལེའུ་གསུམ་ལས་གྲུབ་པ་དང་། གླུ་གཞས་དང་། ཞབས་བྲོ། རོལ་དབྱངས། ཡུལ་རྣམ་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བཅས་ཀྱི་སྒྱུ་རྩལ་རྣམ་པ་ཕྱོགས་བསྡུས་སྤྱད་དེ། མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།