ཟླ་9ཚེས་23ཉིན་གྱི་དགོང་མོ་བར།
ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་48ཐོབ་པ།

ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྲི་ཧྲེང་ཅི་ཡིས་སྐྱེས་པའི་ལམ་ཕྱེད་མར་སུན་འདུར་འགྲོས་རྣམ་གྲངས་ཀྱི་ཨང་དང་པོ་བླངས་ཤིང་། འདི་ནི་ཧྲི་ཧྲེང་ཅི་ཡིས་མཐའ་མའི་ས་ཚིགས་སུ་འབྱོར་སྐབས་དགའ་འབོད་བྱེད་བཞིན་པ།

ལུས་རྩེད་བུད་མེད་ཚོགས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྤྱིའི་སྐར་གྲངས་166.462ཀྱི་ཐོག་ནས་ཨང་དང་པོ་བླངས་ཤིང་། འདི་ནི་ཁེ་ཆིན་ཆིན་གྱིས་འགྲན་བསྡུར་བྱེད་བཞིན་པ།

ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀྲའོ་ཅིན་ལན་གྱིས་བུད་མེད་ཀྱི་ལྗིད་འདེགས་སྤྱི་རྒྱ་53རིམ་པའི་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་བླངས་ཤིང་། འདི་ནི་ཀྲའོ་ཅིན་ལན་གྱིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་9ཚེས་23ཉིན་ནི་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་རྗེས་ཀྱི་ཉིན་བཞི་པ་ཡིན་ཞིང་། དེ་ཉིན་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པར་རྣམ་གྲངས་ཁག་ནང་གསེར་གྱི་རྟགས་མ་16ཐོབ་ཡོད། ཚེས་23ཉིན་གྱི་དགོང་མོ་བར། ཀྲུང་གོའི་འཐུས་མི་ཚོགས་པར་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་48དང་། དངུལ་གྱི་རྟགས་མ་20 ཟངས་ཀྱི་རྟགས་མ་10བཅས་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།