དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དཀའ་སྤྱད་ལས་ལ་གཡུར་ཟའི་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-25


    འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ལས་བྲེལ་ཆེ་བའི་སྟོན་བསྡུའི་རྣམ་པ་ཡིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་གི་ལས་བྱེད་པ་22ཀྱིས་རང་འགུལ་ངང་དང་བླངས་པ་བྱས་ནས་མང་ཚོགས་ལ་མ་རྨོས་ལོ་ཏོག་བསྡུ་རོགས་བྱས་ཏེ། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་པ།

    2026ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7800ཟིན་པ་དེ་དུས་མཚུངས་ལས་8.0%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རིམ་རྩིས་བརྒྱབ་ན། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་454.62བཟོས་པ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་301.85དོན་འཁྱོལ་བྱས་པ། ཞིང་ལས་ཀྱི་སོན་བཟང་དང་སྔོན་ཐོན་ལག་རྩལ་དམིགས་སར་འབྱོར་ཚད་95%ཡན་ཟིན་པ། སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི་19.97ཟིན་པ་དེ་དུས་མཚུངས་ལས་2.8%འཕར་ཡོད། ཤ་དང་། སྒོ་ང་། དཀར་ཆུའི་ཐོན་རྫས་བཅས་ཀྱི་ཐོན་འབབ་ཏུན་ཁྲི་29.7ཟིན་ནས་8.7%འཕར་བ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་200ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་ལས། གངས་ལྗོངས་ས་མཐོའི་གྲོང་གསེབ་དེ་བས་གནས་འཕྲོད་ལས་འཚམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།