ད་ལོ་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དབང་སྤྲད་པའི་གསར་གཏོད་སྨན་རྫས་ཀྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་1200ལྷག་ཙམ་ཟིན་པ།
■ ད་ལོ་ཚུན་དུ། རང་རྒྱལ་གྱི་གསར་གཏོད་སྨན་རྫས་ཕྱི་རྒྱལ་དུ་གཏོང་མགྱོགས་སུ་ཕྱིན་པ་དང་། ཕྱི་ཕྱོགས་ལ་དབང་སྤྲད་པའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1200ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་36%འཕར་ཡོད། དེའི་ནང་ཐོག་མའི་འཇལ་དངུལ་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་ཞིང་། ཁྲོམ་རར་དུས་མཚུངས་སུ་ཆ་སྙོམས་ཚོང་ཐེངས་རེའི་ཉོ་ཚོང་དངུལ་འབོར་བརྟན་པོའི་ངང་འཕར་བ་དང་། ཐོག་མའི་འཇལ་དངུལ་གྱི་དངུལ་འབོར་དང་བསྡུར་ཚད་གཉིས་ཀ་འཕར་བ། གྲོན་ཆེའི་ཉོ་ཚོང་མང་པོ་དོན་འཁྱོལ་ཐུབ་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།
2025ལོར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་རྫས་གསར་པའི་ནད་ཐོག་སྨན་བཅོས་ཚོད་ལྟ་ཁག་2900ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་18%འཕར་ནས་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁྱབ་ཁོངས་གསར་ཤོས་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མངོན་གསལ་དོད་དུ་ཕྱིན་ཞིང་། ཕྲ་ཕུང་དང་རྒྱུད་གཞིའི་སྨན་བཅོས་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་ཚད་ལོ་རེར་30%ལྷག་ཙམ་འཕར་ནས། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་སྨན་རྫས་གསར་པའི་ནད་ཐོག་སྨན་བཅོས་ཚོད་ལྟའི་མཐོ་ས་གསར་པར་གྱུར་ཡོད་པ་རེད།
དེ་དང་དུས་མཚུངས། རྒྱལ་ཁོངས་སྒྲོལ་བའི་སྨན་རྫས་ཁེ་ལས་མང་པོས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ཐོན་སྐྱེད་རྟེན་གཞི་གསར་སྐྲུན་དང་རྒྱས་སྐྲུན་བྱེད་ཀྱི་ཡོད་པ་རེད།
རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཐོག་མའི་ཞིབ་འཇུག་གསར་སྤེལ་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གཙོ་གནད་སྨན་རྫས་རིགས་ལ“སྔོན་ཚུད་ཐེ་ཇུས་དང་། ཁེ་ལས་རེར་ཇུས་གཞི་རེ། བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད། ཞིབ་འཇུག་དང་ཞིབ་དཔྱད་མཉམ་འགུལ”བཅས་ལག་བསྟར་དང་། སྨན་རྫས་ཀྱི་ཚོད་ལྟའི་གྲངས་གཞིའི་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཀྱི“ཟུང་འབྲེལ་གསུམ”གྱི་དཔྱད་བཤེར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ལ་འཕྲལ་མཁོའི་ཐོན་རྫས་ཁྲོམ་རར་འདོན་པའི་བརྒྱུད་རིམ་མགྱོགས་སུ་གཏོང་བ། སྔོན་ལ་ཞིབ་བཤེར་གྱི་ཐོགས་མེད་བགྲོད་ལམ་གཏོད་པ་བཅས་བྱས་ནས། སྨན་རྫས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་ལ་རྒྱུན་འཁྱོངས་ཀྱི་སྒུལ་ནུས་སྣོན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།