དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་ཐོན་ལས་ཀྱི་གཞི་ཁྱོན་ལོ་ལྔའི་ནང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-25

    གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་བྱང་སྐར་སྤུན་བདུན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6290ལྷག་ཙམ་ཟིན་པ་དང་། བྱང་སྐར་སྤུན་བདུན་ཐོན་ལས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་ཁྲི་3ལྷག་ཙམ་ཟིན་པ། ལས་ཞུགས་མི་སྣ་ཁྲི་200ལྷག་ཙམ་ཟིན་པ་བཅས་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་ཐོན་ལས་ཀྱི་གཞི་ཁྱོན་ལོ་ལྔའི་ནང་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་པར་སྐུལ་འདེད་བཏང་ནས་བྱང་སྐར་སྤུན་བདུན་གྱི་གཞི་ཁྱོན་གྱི་བཀོལ་སྤྱོད་ཁྲོམ་ར་ཅན་དང་། ཐོན་ལས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚད་བརྒལ་གསར་པ་མངོན་འགྱུར་བྱ་རྒྱུ་རེད།

    འགྲིམ་འགྲུལ་ཁྱབ་ཁོངས་སུ། རྒྱལ་ཡོངས་ཀྱི་སྐྱེལ་འདྲེན་རླངས་འཁོར་ཁྲི་1200ལྷག་ཙམ་ལ་བྱང་སྐར་སྤུན་བདུན་མ་ལག་བླུགས་པ་དང་ཞིབ་ཚད་མཐོ་བའི་འཁོར་ལམ་རིམ་པའི་ཕྱོགས་སྟོན་99%ཡན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་ལ་ཁྱབ་ཡོད། ཞིང་ལས་ཁྱབ་ཁོངས་སུ། བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་ཁྲི་350ལྷག་ཙམ་ཞིང་འཕྲུལ་རམ་འདེགས་འཁོར་གཏོང་དང་། ཞིང་འཕྲུལ་ལས་སྒྲུབ། མི་མེད་གནམ་གྲུའི་རྩི་ཤིང་སྲུང་སྐྱོང་སོགས་བྱ་ཡུལ་དུ་སྤྱད་ཡོད། རྒྱ་མཚོའི་ཉ་ལས་ཁྱབ་ཁོངས་སུ། ཉ་གྲུ་ཁྲི་7ལ་བྱང་སྐར་སྤུན་བདུན་གྱི་མཐའ་སྣེ་བླུགས་ནས་ཉེན་འཕྲད་ཉེན་བརྡ་དང་། འཕྲལ་སྡོམ་འཚོལ་སྐྱོབ། ཉ་གྲུའི་འགུལ་རྣམ་ལྟ་འདོམས། མཚོ་ཐོག་གི་འཕྲིན་ཐུང་འཕྲིན་གཏོང་སོགས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད། ནུས་རྒྱུའི་ཁྱབ་ཁོངས་སུ། བྱང་སྐར་སྤུན་བདུན་གྱིས་རིམ་འདས་ཞིབ་ཚགས་ཞབས་ཞུ་གནད་སྨིན་བྱས་པ་དེ་རླུང་གློག་གི་འཕྲུལ་ཚན་དོ་དམ་ཚོད་འཛིན་དང་། གཏེར་རིའི་ལྡེབས་ཀྱི་ལྟ་ཞིབ་ཚད་ལེན། སྣུམ་རླངས་མདོང་ལམ་གྱི་སྐོར་ཞིབ་སོགས་བྱ་ཡུལ་དུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།