མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་མང་དུ་བཏང་བ་དང་མཚོ་སྔོན་གྱི་དངོས་ཟོག་ཕྱིར་གཏོང་ལམ་བུ་རྒྱུན་མཐུད་ཆེ་རུ་ཕྱིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དགུ་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་ནས་ཝེ་ཐེ་ནམ་གྱི་ཧུའུ་ཀྲི་མིང་གྲོང་ཁྱེར་བར་དང་། ཟི་ལིང་ནས་ཏུར་མེན་སི་ཐན་གྱི་པར་ཁན་བར། ཟི་ལིང་ནས་ལོ་སིའི་ཝན་ཐེན་བར། གཏེར་ལེན་ཁ་ནས་ཧ་སག་སི་ཐན་གྱི་ཕ་ཕུ་ལོ་ཏར་བར་བཅས་རྒྱལ་སྤྱིའི་ཟོག་འདྲེན་དོས་སྒམ་དུས་གཏན་མེ་འཁོར་གྱི་ལམ་ཐིག་གསར་པ་བཞི་སྔ་རྗེས་སུ་བཏོད་པ་ལས། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་སྤྱིའི་ཟོག་འགྲུལ་དྲ་རྒྱ་མུ་མཐུད་ཚགས་དམ་དུ་ཕྱིན་པ་དང་ས་མཐོའི“མཚོ་སྔོན་ཅན”གྱི་ཐོན་རྫས་ཕྱིར་གཏོང་བགྲོད་ལམ་ལ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེར་སོང་ཡོད།
2016ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་ཤར་གཏོང་བྱས་ཚུན། མཚོ་སྔོན་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གྱི་ལམ་ཐིག་རྒྱལ་ཁབ་12ཀྱི་གྲོང་ཁྱེར་18ལ་ཁྱབ་པ་དང་མཚོ་སྔོན་ཞིང་ཆེན་གྱི་རང་གཉེར་ཐོན་རྫས་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་བརྒྱུད་ཕྱིར་གཏོང་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་ཡོད། དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དེས་མཚོ་སྔོན་ཞིང་ཆེན་གྱི་འདྲེ་ཚེར་མ་དང་། སྨན་རྒྱུ་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་འགན་ལེན་ནུས་ལྡན་ཐུབ་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།